༄༅།།དགུན་དུས་ཀྱི་མཚོ་སྔོན་པོའི་མཛེས་ལྗོངས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 02-24


2.jpg

3.jpg

4.jpg

དགུན་དུས་ཀྱི་མཚོ་སྔོན་པོ།

 མིག་ལམ་དུ་མངོན་པ་ནི་རླབས་སྔོན་ཡམ་ཡོམ་དུ་གཡོ་བའི་མཚོ་སྔོན་པོ་ལ་དར་ཆགས་པ་རེད། མཚོ་ངོས་སུ་གཡེང་བཞིན་པའི་འཁྱགས་ཟིལ་ནི་ཧྲུག་ཆག་ཐེབས་པའི་གཡུ་དང་འདྲ་ཞིང་། མི་མེད་གནམ་གྲུ་ཡིས་བར་སྣང་ནས་བལྟས་ཚེ་མཚོ་སྔོན་པོའི་མཚོ་ངོས་དེ་ནི་གནམ་ས་བར་དུ་བརྒྱན་པའི་གཡུ་ཡི་རྐེད་རགས་ཞིག་དང་མཚུངས་པས་ཐུན་མོང་མ་ཡིན་པའི་མཚོ་སྔོན་པོའི་རང་བྱུང་མཛེས་ལྗོངས་མངོན་ཡོད།  མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་དང་། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གནས་བསྐྲུན་པའི་རྒྱུ་རྐྱེན་གཙོ་བོ་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་ངང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བྱས་ནས། རྩྭ་ཐང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། བརླན་ས་སྲུང་སྐྱོང་དང་སླར་གསོ། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པས། མཚོ་སྔོན་པོའི་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1