༄༅། །ངལ་རྩོལ་རྩོད་གླེང་ལ་ཐག་གཅོད་བྱེད་ཐབས་གང་དག་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 02-24



གཅིག ངལ་རྩོལ་རྩོད་གླེང་བྱུང་རྗེས།ཐོག་མར་དོ་བདག་པས་གྲོས་མོལ་བྱས་ནས་ཐག་གཅད་དགོས།

        གྲོས་མཐུན་བྱུང་ན། དོ་བདག་པས་འདུམ་འགྲིག་གྲོས་མཐུན་བཞག་ཆོག ཡིན་ན་ཡང་འདུམ་འགྲིག་གྲོས་མཐུན་ལ་བཙན་ཤུགས་ལག་བསྟར་བྱེད་ནུས་མེད་ཅིང་། དོ་བདག་པས་རང་འགུལ་གྱིས་ལག་ཏུ་བསྟར་དགོས། གྲོས་མོལ་ནི་ངལ་རྩོལ་རྩོད་གླེང་ཐག་གཅོད་པའི་དགོས་ངེས་ཀྱི་གོ་རིམ་མིན་པ་དང་། དོ་བདག་པས་གྲོས་མོལ་བྱེད་མ་ཐུབ་པའམ་བྱེད་འདོད་མེད་ན། ཁྲིམས་ལྟར་རེ་ཞུ་ཕུལ་ཏེ་འདུམ་སྒྲིག་དང་འདུམ་གཅོད་བྱས་ཆོག

གཉིས། འདུམ་སྒྲིག

        1. འདུམ་སྒྲིག་རྩ་འཛུགས།

(1) ཁེ་ལས་ངལ་རྩོལ་རྩོད་གླེང་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་།

(2) གཞི་རིམ་མི་དམངས་འདུམ་སྒྲིག་རྩ་འཛུགས།

(3) ཤང་དང་གྲོང་རྡལ།སྲང་ལམ་བཅས་སུ་བཙུགས་པའི་ངལ་རྩོལ་རྩོད་གླེང་འདུམ་སྒྲིག་གི་འགན་ནུས་ལྡན་པའི་ཁེ་ལས་རྩ་འཛུགས་ཀྱི་ངལ་རྩོལ་རྩོད་གླེང་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལས་བཟོ་བའི་འཐུས་ཚབ་དང་། ཁེ་ལས་འཐུས་ཚབ་གཉིས་ཀྱིས་གྲུབ་པ་ཡིན།

        2. འདུམ་འགྲིག་གྲོས་མཐུན་ཡི་གེ་སྟེང་ཕྱོགས་གཉིས་ཀའི་དོ་བདག་པས་མིང་རྟགས་འགོད་པའམ་ཐམ་ག་རྒྱག་རྒྱུ་དང་། འདུམ་སྒྲིག་པས་མིང་རྟགས་བཀོད་པར་མ་ཟད་འདུམ་སྒྲིག་རྩ་འཛུགས་ཀྱི་ཐམ་ག་བརྒྱབ་རྗེས་ནུས་ལྡན་དུ་གྱུར་བ་ཡིན་ཞིང་། ཕྱོགས་གཉིས་ཀའི་དོ་བདག་པར་གཅུན་ནུས་ལྡན་པས་དོ་བདག་པས་ལག་བསྟར་བྱ་དགོས།

        3. འདུམ་འགྲིག་གྲོས་མོལ་གྱི་ལག་བསྟར་དོ་བདག་པ་ཕྱོགས་གཅིག་གིས་ལག་བསྟར་མི་བྱེད་ཚེ། ཕྱོགས་གཞན་དེས་ཁྲིམས་ལྟར་འདུམ་གཅོད་བྱ་དགོས་པའི་རེ་ཞུ་དབུལ་ཆོག ངལ་རྩོལ་གླ་ཆ་དང་ལས་རྨས་སྨན་བཅོས་གྲོན་དངུལ། དཔལ་འབྱོར་ཁ་གསབ་བམ་སྐྱིན་ཚབ་དངུལ་བཅས་ཀྱི་དོན་ཚན་སོགས་འདུམ་སྒྲིག་བྱས་ཏེ་གྲོས་མཐུན་བྱུང་ཡང་། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཁ་ཆད་བྱས་པའི་དུས་ཚད་ནང་ལག་བསྟར་མ་བྱས་ན། ངལ་རྩོལ་བས་འདུམ་འགྲིག་ཡི་གེ་གཞིར་བཟུང་སྟེ་ཁྲིམས་ཁང་དུ་དེ་དག་སྤྲད་དགོས་པའི་རེ་ཞུ་དབུལ་ཆོག

གསུམ། འདུམ་གཅོད།

        1. ངལ་རྩོལ་རྩོད་གླེང་འདུམ་གཅོད་ཀྱི་ཁྱད་ཆོས་དང(《འདུམ་གཅོད་བཅའ་ཁྲིམས》ཀྱིས་གཏན་འཁེལ་བྱས་པའི་འདུམ་གཅོད་དང་བསྡུར་ནས་བཤད་ན)1)གྲུབ་ཆ་གཙོ་བོ་མི་འདྲ། ངལ་རྩོལ་འདུམ་གཅོད་ཨུ་ཡོན་ལྷན་ཚོགས་ནི་སྲིད་འཛིན་ལས་ཁུངས་དང་ཚོང་དོན་འདུམ་གཅོད་ནི་དམངས་ཁྲོད་རྩ་འཛུགས་ཡིན།

(1) ཐག་གཅོད་བྱ་ཡུལ་མི་འདྲ་བ།

(2) བདག་ཁོངས་མི་འདྲ་བ་སྟེ།ངལ་རྩོལ་འདུམ་གཅོད་ནི་ཁྲིམས་བཀོད་ཀྱི་བདག་ཁོངས་ཡིན་པ་དང་། ཚོང་དོན་འདུམ་གཅོད་ནི་ཁ་ཆད་བཞག་པའི་བདག་ཁོངས་ཡིན།

(3) ཞུ་གཏུག་གི་འབྲེལ་བ་མི་འདྲ་སྟེ། ངལ་རྩོལ་འདུམ་གཅོད་ནི“སྔོན་ལ་འདུམ་པ་དང་རྗེས་སུ་ཞུ་གཏུག”དང་། ཚོང་དོན་འདུམ་གཅོད་ནི“ཡང་ན་འདུམ་པའམ་ཞུ་གཏུག”བྱེད་པ་ཡིན།

        2. ངལ་རྩོལ་རྩོད་གླེང་འདུམ་གཅོད་ཐག་གཅོད་པའི་རྩ་དོན།

(1) ཁྲུན་ཐག་གཅོད་ཐེངས་གཅིག་གི་རྩ་དོན།

(2) མཉམ་གྲོས་རྩ་དོན།

(3) བཙན་ཤུགས་རྩ་དོན།

        3. ངལ་རྩོལ་རྩོད་གླེང་འདུམ་གཅོད་ཨུ་ཡོན་ལྷན་ཁང་དང་འདུམ་གཅོད་ཁང་། ངལ་རྩོལ་རྩོད་གླེང་འདུམ་གཅོད་ཨུ་ཡོན་ལྷན་ཁང་སྟེ་སྲིད་འཛིན་ས་ཁོངས་ལྟར་རིམ་པ་རེ་རེ་བཞིན་མི་འཛུགས།

(1) འདུམ་གཅོད་ཁྲིམས་ར་སྟེ། འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་འདུམ་གཅོད་ཁྲིམས་རས་ངལ་རྩོལ་རྩོད་གཞིའི་གྱོད་གཞི་ཐག་གཅོད་བྱེད་སྐབས། གྱོད་གཞི་གཅིག་ལ་ཁྲིམས་ར་གཅིག་གི་ལམ་ལུགས་ལག་བསྟར་བྱ་རྒྱུ། འདུམ་གཅོད་ཁྲིམས་ར་ནི་དབུ་བཞུགས་འདུམ་གཅོད་པ་གཅིག་དང་འདུམ་གཅོད་པ་གཉིས་ཀྱིས་གྲུབ་པ་ཡིན། གྱོད་དོན་སྟབས་བདེ་ཡིན་ན་འདུམ་གཅོད་པ་གཅིག་གིས་ཞིབ་གཅོད་བྱས་ཆོག

(2) འདུམ་གཅོད་ཨུ་ཡོན་ལྷན་ཁང་ངམ་འདུམ་གཅོད་ཁྲིམས་རའི་ཁོངས་མི་གཟུར་གཡོལ་བྱེད་ཕྱོགས་སྐོར།

(3) ངལ་རྩོལ་རྩོད་གླེང་འདུམ་གཅོད་ཀྱི་རེ་ཞུ་དང་བདག་སྤྲོད།

        4. རེ་ཞུའི་དུས་ཡུན་ནི་ལོ་གཅིག་ཡིན། བར་མཚམས་གཅོད་པ(རང་སྣང་གི་རྒྱུ་རྐྱེན)དང་བར་མཚམས་འཇོག་པའི(ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན)ཆ་རྐྱེན་ལ་དོ་སྣང་བྱ་དགོས།

(1) བདག་སྤྲོད། འདུམ་གཅོད་རེ་ཞུ་འབྱོར་བའི་ཉིན5ཡི་ནང་ཚུན་དུ་བདག་སྤྲོད་བྱ་དགོས། བདག་སྤྲོད་བྱས་རྗེས་ཉིན5ནང་འདུམ་གཅོད་རེ་ཞུའི་ཡི་གའིེ་བུ་ཡིག་སྐྱེལ་སྤྲོད་བྱ་དགོས།ཉིན10ནང་བཤེར་རྩོད་ཡི་གེ་སྤྲད་དགོས།

(2) འདྲི་གཅོད། རེ་འདུན་ཞུ་མཁན་ལ་ལུགས་མཐུན་གྱི་རྒྱུ་མཚན་ཅི་ཡང་མེད་པར་ཁྲིམས་རར་མི་ཐོན་པའམ་ཁྲིམས་ར་ཚོགས་ཡོད་པའི་བར་གླགས་སུ་ཕྱིར་འགྲོ་བ་ནི་རེ་ཞུ་ཕྱིར་འཐེན་བྱས་པར་བརྩི་དགོས། རེ་འདུན་ཞུ་ཡུལ་ལུགས་མཐུན་གྱི་རྒྱུ་མཚན་ཅི་ཡང་མེད་པར་ཁྲིམས་རར་མི་ཐོན་པའམ་ཁྲིམས་ར་ཚོགས་ཡོད་པའི་བར་གླགས་སུ་ཕྱིར་འགྲོ་བ་ནི་ཁྲུན་གཅོད་ལ་མ་ཞུགས་པར་བརྩི་དགོས། དོན་དངོས་ཆ་ཤས་གསལ་པོ་ཡིན་ཚེ། ཐོག་མར་དེའི་ཆ་ཤས་ཁྲུན་གཅོད་བྱ་དགོས།

(3) ལག་བསྟར་བྱེད་པའི་དོ་བདག་པས་འདུམ་གཅོད་ཁྲུན་གཅོད་ཁས་མི་ལེན་ཚེ། འདུམ་གཅོད་ཁྲུན་གཅོད་ཡི་གེ་འབྱོར་བའི་ཉིན15ནང་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱ་དགོས། དུས་འགྱངས་བྱས་ཏེ་ཞུ་གཏུག་མི་བྱེད་ཚེ། འདུམ་གཅོད་ཁྲུན་གཅོད་ལ་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པ་ཡིན། དོ་བདག་པ་ཕྱོགས་གཅིག་གིས་ལག་བསྟར་མི་བྱེད་ཚེ། དོ་བདག་པ་གཞན་དེས་མི་དམངས་ཁྲིམས་ཁང་དུ་བཙན་ཤུགས་ལག་བསྟར་བྱེད་པའི་རེ་ཞུ་དབུལ་ཆོག

བཞི། ཞུ་གཏུག

        ངལ་རྩོལ་རྩོད་གླེང་གི་འདུམ་གཅོད་ཁྲུན་གཅོད་ལ་དོ་བདག་པས་ཁས་མི་ལེན་ཚེ། འདུམ་གཅོད་ཁྲུན་གཅོད་འབྱོར་བའི་ཉིན15ནང་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1