ཡུག་རེན་ལ་ཐན་ཁེ་10མཁོ་འདོན་བྱ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-27


    ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་23ཉིན་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ཡིས་ཡུག་རེན་གྱི་རྒྱལ་ས་ཁེ་ཝི་རུ་འཚམས་འདྲི་བྱེད་རིང་། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་མཉམ་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད། སང་ཆེ་སིས་ཡོངས་བསྒྲགས་ཚོགས་འདུའི་ཐོག སི་ཕེན་ནས་ཡུག་རེན་དུ་དབོར་བའི“གཟིག་རྟགས་ཅན་2”གཙོ་འཐབ་ཐན་ཁེའི་གྲངས་འབོར་དེ། དེ་སྔར་6ནས་10བར་མང་དུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། སང་ཆེ་སིས་གཙོ་འཐབ་ཐན་ཁེ་རྩིས་སྤྲོད་ལས་དོན་དེ་སྔོན་དཔག་བྱས་ན་མ་འོངས་པའི་གཟའ་འཁོར་ཁ་ཤས་ནས་ཟླ་བ་ཁ་ཤས་ནང་རྩིས་སྤྲོད་རྒྱུ་རེད། 

   སང་ཆེ་སི་ཡིས་ད་དུང་ཁོང་གིས་ཡུག་རེན་ལ་དམག་འཐབ་གནམ་གྲུ་གཏོང་རྒྱུར་ངོ་རྒོལ་བྱེད་ཀྱི་མེད་ཀྱང་། དོན་དེར་སྔར་བཞིན་མནའ་འབྲེལ་རྒྱལ་ཁབ་དང་གྲོས་མོལ་བྱེད་དགོས་ཞེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1