རྔ་བ་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་གནས་ཁག་ལྔ་བའི་མིང་ཐོ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 02-28


        ཉེ་ཆར། རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས《རྔ་བ་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་ལྔ་བ་དང་རྔ་བ་ཁུལ་གྱི་དངོས་མིན་ཤུག་བཞག་རིག་གནས་ཁག་དང་བོ་ནས་བཞི་བའི་བར་གྱི་རྒྱ་སྐྱེད་རྣམ་གྲངས་ཀྱི་བརྡ་ཐོ》ཁྱབ་བསྒྲགས་བྱས། ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་བརྡ་ཐོ་རུ་རྣམ་གྲངས་79ནི་གསར་དུ་བསྣན་པའི་ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་མིང་ཐོ་ཡིན་ལ། རྣམ་གྲངས་16ནི་དངོས་མིན་ཤུག་བཞག་རིག་གནས་ཁག་དང་བོ་ནས་བཞི་བའི་བར་གྱི་རྒྱ་སྐྱེད་རྣམ་གྲངས་ཀྱི་མིང་ཐོ་ཡིན། བསྡོམས་པས་རྣམ་གྲངས་95ཡོད།

        དེའི་ནང་དུ་དམངས་ཁྲོད་རྩོམ་རིག་4དང་། སྲོལ་རྒྱུན་རོལ་དབྱངས་5། སྲོལ་རྒྱུན་ཞབས་བྲོ་5། སྲོལ་རྒྱུན་ཟློས་གར་1། གཞས་མ་གཏམ་1། སྲོལ་རྒྱུན་ལུས་རྩལ་དང་རོལ་རྩེད་། རྩལ་རྩེད་5། སྲོལ་རྒྱུན་མཛེས་རྩལ་རྣམ་གྲངས་4། སྲོལ་རྒྱུན་ལག་རྩལ་དང་སྒྱུ་རྩལ་52། སྲོལ་རྒྱུན་གསོ་རིག་དང་སྨན་རྫས་7། དམངས་སྲོལ་རྣམ་གྲངས་11བཅས་ཡོད།

        ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས“སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་བོ། བེད་སྤྱོད་ལུགས་མཐུན། རྒྱུད་འཛིན་དང་འཕེལ་རྒྱས”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ། དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་མ་ལག་དང་ཁྲིམས་འཛུགས་ཀྱི་འཕེལ་རིམ། རྒྱུན་འཛིན་གྱི་ཁོར་ཡུག་སོགས་འཐུས་ཚང་དུ་གཏོང་བའི་ཐད་ནས་ལས་དོན་རབ་དང་རིམ་པ་བསྒྲུབས་ཡོད་པས། ཁུལ་ཡོངས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

        མིག་སྔའི་བར་རྔ་བ་ཁུལ་ལ་བསྡོམས་པས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་20དང་མཚོན་བྱེད་རང་བཞིན་གྱི་རྒྱུད་འཛིན་པ་13ཡོད། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་101དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་114ཡོད། ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་552དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་499ཡོད་དོ།།

གསར་དུ་བསྣན་པའི་ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་མིང་ཐོ།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1