ཨུ་རུ་སུའི་ཁོངས་མིའི་ཐོབ་ཐང་འདི་མཚམས་འཇོག་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-02


        ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་28ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བཅའ་ཁྲིམས་ལ་མིང་རྟགས་བཀོད་ནས། ཡོ་རོབ་ཨུ་ཡོན་ལྷན་ཁང་ནང་ཨུ་རུ་སུའི་ཁོངས་མིའི་ཐོབ་ཐང་མཚམས་འཇོག་བྱས་པར་བརྟེན། 2022ལོའི་ཟླ་3ཚེས་16ཉིན་ནས་བཟུང་ཨུ་རུ་སུ་དང་ཡོ་རོབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་རྒྱལ་སྤྱིའི་ཆིངས་ཡིག་21མཚམས་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཆིངས་ཡིག་21འདིར་1949ལོའི་ཟླ་5པར་གྲོས་འཆམ་བྱུང་བའི་ཡོ་གླིང་ཨུ་ཡོན་ལྷན་ཁང་གི་སྒྲིག་ཡིག་དང་། 1996ལོའི་ཟླ་5པར་དག་བཅོས་བྱས་པའི་ཡོ་རོབ་ཀྱི་སྤྱི་ཚོགས་རྩ་ཁྲིམས་དང་། འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་བྱེད་པའི་སྤྱི་ཆིངས་ཀྱི་གྲོས་ཆོད་ཡི་གེ་སོགས་མང་པོ་འདུས་ཡོད།

        2022ལོའི་ཟླ་2ཚེས་25ཉིན། ཡོ་རོབ་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་ཨུ་ཡོན་ལྷན་ཁང་གིས་ཡོ་རོབ་ཨུ་ཡོན་ལྷན་ཁང་གི་ཁྲིམས་བཀོད་སྒྲིག་གཞིའི་ཁྲོད་ཀྱི་ཨུ་རུ་སུའི་འཐུས་མིའི་དབང་ཆ་གནས་སྐབས་མཚམས་འཇོག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གནས་ཚུལ་དེའི་འོག་ཨུ་རུ་སུས་2022ལོའི་ཟླ་3ཚེས་15ཉིན་ཡོ་རོབ་ཨུ་ཡོན་ལྷན་ཁང་ལ་དངོས་སུ་བརྡ་ཐོ་བཏང་སྟེ། ཡོ་རོབ་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ཀྱི་དོན་ཚན་བདུན་པ་ལྟར་རྩ་འཛུགས་དེ་དང་དེ་བཞིན་《ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས》ཀྱི་གོ་རིམ་ནས་ཕྱིར་འཐེན་བྱེད་འགོ་ཚུགས། 2022ལོའི་ཟླ་3ཚེས་16ཉིན། ཡོ་རོབ་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་ཨུ་ཡོན་ལྷན་ཁང་གིས་དེ་རིང་ནས་བཟུང་ཨུ་རུ་སུའི་ཡོ་རོབ་ཨུ་ཡོན་ལྟན་ཁང་གི་ཁོངས་མིའི་ཐོབ་ཐང་མཚམས་འཇོག་རྒྱུའི་ཐག་བཅད་པ་རེད། ཨུ་རུ་སུ་ཕྱོགས་ཀྱིས་དེར་གཞིགས་ནས་2022ལོའི་ཟླ་3ཚེས་16ཉིན་ནས་བཟུང་། ཡོ་རོབ་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་དང་དེ་བཞིན་ཨུ་རུ་སུ་ཕྱོགས་དང་ཡོ་རོབ་ཨུ་ཡོན་ལྷན་ཁང་དབར་བཞག་པའི་བཅའ་ཁྲིམས་ཆིངས་ཡིག་20ཨུ་རུ་སུར་གོ་མི་ཆོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་དེར་གཞིགས་ནས་2022ལོའི་ཟླ་3ཚེས་16ཉིན་ནས་བཟུང་། ཡོ་རོབ་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་དང་དེ་བཞིན་ཨུ་རུ་སུའི་ཕྱོགས་དང་ཡོ་རོབ་ཨུ་ཡོན་ལྷན་ཁང་གིས་མིང་རྟགས་བཀོད་པའི་བཅའ་ཁྲིམས་ཆིངས་ཡིག་གཞན་དག་20ཨུ་རུ་སུར་གོ་མི་ཆོད་པའི་ངོས་འཛིན་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1