གནམ་མཐའི་མཛོད་དགེ་སེམས་ཅན་ཀུན་གྱི་གནས་མལ་མཆོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 03-07



        གནམ་ས་གཅིག་ཏུ་འདྲེས་ཤིང་སྤྲིན་གྱི་རྒྱ་མཚོ་མཐའ་ནས་འཁྱིལ་བ།  འདིར་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་བ། འདིར་ཉི་ཟླའི་འོད་སྣང་གི་གུར་ཁང་བཞེངས་པ།  དེ་སྔོན་རྩོམ་པ་པོ་གྲགས་ཅན་ཨ་ལེ་ཡིས་བརྩམས་པའི་གནམ་མཐའི་མཛོད་དགེ་ཞེས་པའི་གླུ་ཚིག་ཀུན་ལ་གྲགས་ཏེ།  མཛོད་དགེའི་སྣོད་བཅུད་གཉིས་ཀས་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག

        མཛོད་དགེ་རྒྱལ་ཁབ་ན་འདམ་སྤྱི་གླིང་ནི་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་སུ་ཆགས་ཤིང་།  སི་ཁྲོན་མཛོད་དགེ་དང་ཁྱུང་མཆུ། རྔ་བ་རྫོས་བཅས་དང་། ཟུང་ཆུ་རྫོང་གི་བྱང་ཕྱོགས་ས་ཁོངས་བཅས་སུ་ཁྱབ་ཡོད།  བྱང་ཕྱོགས་སུ་ཀན་སུའུ་ཡི་ཀླུ་ཆུ་དང་རྨ་ཆུ།  ཅོ་ནེ།  ཐེ་བོ་བཅས་རྫོང་ཁག་བཞི་དང་འབྲེལ་ཞིང་།  ས་བབ་མཐོ་ཚད་སྨི3000ལྷག་ཟིན།  《ཀྲུང་གོ་རྒྱལ་ཁབ་ས་ཁམས》ཞེས་པར་ཀྲུང་གོའི་ན་འདམ་མཛེས་ཤོས་སུ་བསྔགས།  རྒྱལ་ཡོངས་ཀྱི་ན་འདམ་ཆེན་པོ་གསུམ་གྱི་གྲས་སུ་གཏོགས་པའི་མཛོད་དགེ་ན་འདམ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི༥༥ཡོད་ལ།  འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁོངས་གལ་ཆེན་ཡིན་ལ།  རྨ་ཆུའི་སི་ཁྲོན་བཞུར་རྒྱུན་གྱི་གཞུང་རྒྱུན་གཙོ་བོ་ས་ཁུལ་ཡིན་པར་མ་ཟད།  ཀྲུང་ཧྭའི་ཆུ་སྟེགས་ཀྱི་གྲུབ་ཆ་གལ་ཆེན་ཡང་ཡིན་ལ།  ཆུ་བསགས་ཚད་སྨི་གྲུ་བཞི་ལྷམ་པ་དུས་ཕྱུར100ལ་ཉེ་ཞིང་།  རྨ་ཆུའི་སྟོད་རྒྱུད་ལ་ཆུའི་བཞུར་ཚད30%འདོན་སྤྲོད་བྱེད་བཞིན་ཡོད།  འདིར་ད་དུང་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར70ཡི་མཐོ་སྒང་འདམ་སོལ་ལྡན་པས།  རྒྱལ་ཁབ་འདམ་སོལ་ཆེ་ཤོས་ཡིན་ལ་ནམ་ཟླ་སྙོམས་སྒྲིག་དང་ས་ཆུ་སྲུང་འཛིན།  དྲོད་ནུས་སོགས་ལ་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད།

        མཛོད་དགེ་ན་འདམ་ནི་ཨེ་ཤེ་སའི་ཤར་ཕྱོགས་ཏེ་ཨའོ་ཏ་ལི་ཞི་ཡ་དང་ཨེ་ཤེ་ཡ་དཀྱིལ་མ་སྟེ་རྒྱ་གར་གྱི་བྱ་རིགས་གནས་སྤོ་བགྲོད་ལམ་དང་ངལ་གསོ་བྱེད་གནས་གལ་ཆེན་ཡིན་ལ།  ཁྲུང་ཁྲུང་སྐེ་ནག2000ཡས་མས་ལ་སྐྱེ་འཕེལ་གྱི་ཆ་རྐྱེན་བསྐྲུན་པས།  བྱ་ཁྱུ་གྲངས་འབོར་གྱིས་འཛམ་གླིང་གི་བཅུ་ཆ་གཅིག་ཟིན།  ལོ་རེར་དུས་བྱ་ཁྲི10ལྷག་འདིར་ངལ་གསོ་དང་ཁོངས་བརྒལ་བྱེད་བཞིན་ཡོད།  གཞན་ཡང་སྲུང་སྐྱོང་ཁུལ་གྱི་ཉ་རིགས90%ཡན་ནི་མཚོ་བོད་མཐོ་སྒང་གི་ཁྱད་ལྡན་ཉ་རིགས་ཡིན་ལ།  ད་དུང་གསའ་དང་གླ་བ་སོགས་ཚར་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་འདུ་འཛོམས་ཁུལ་ཡིན་པར་མ་ཟད།  གུར་གུམ་དང་སྤང་རྩི་སྔོན་པོ།  སྲོ་ལོ་དམར་པོ་དང་དབྱར་རྩྭ་དགུ་འབུ་སོགས་སྐྱེ་དངོས་རྩ་ཆེན་སྐྱེ་བར་ཁོར་ཡུག་གང་ལེགས་བསྐྲུན།

        རྨ་འབྲིའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོག་གནས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་ཡིན་པའི་ཆ་གནས། ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་སྲུང་སྐྱོང་བྱེད་ཐབས་རབ་དང་རིམ་པར་སྤེལ་བས། ན་འདམ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་གི་ལས་ཀར་ཕན་འབྲས་མངོན་གསལ་ལོན་ཡོད་དེ།  མཚོ་ཁྲའི་རྒྱ་ཁྱོན་ནི་སྔོན་གྱི་སྤྱི་ཆིང215ནི་ད་ལྟ650ལ་འཕར་བ།  ཆུ་གནས་ལི་སྨི52ཇེ་མཐོར་སོང་།  ན་འདམ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གང་ལེགས་བྱུང་སྟེ།  ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ407ནས1000ཡས་མས་ལ་འཕར།  གཙོད་ཀྱི་གྲངས་ཀ་འགའ་ཞིག་ལས་མེད་པ་ནས30ལྷག་ཏུ་འཕར་བ།  ཁྲུང་ཁྲུང་དཀར་མོའི་གྲངས་ཀ210ནས4500ལ་འཕར་བ། བྱ་ཀྲུའུ་ཧོན་ནི་དེ་སྔའི་གྲངས་ཀ7ནས་ད་ཆར་གྲངས་ཀ5000ལྷག་ལ་འཕར། སྲུང་སྐྱོང་ཁུལ་དུ་རྒྱལ་ཁབⅠརིམ་པའི་སྲོག་ཆགས་ནི་དེ་སྔའི་རིགས9དེ་ད་ལྟའི་རིགས17ལ་འཕར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1