སྒྲོག་འགྲེལ་པས་དཀར་མཛེས་རྫོང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-08


        དཀར་མཛེས་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པ་ཡན་ལག་དྲུག་པའི་ཚོགས་མི་ཚོས་སྤྱི་ཟླ3པའི་ཚེས4ནས5ཉིན་བར། དཀར་མཛེས་རྫོང་གི་འདན་མ་གྲོང་རྡལ་དང་། དཀར་རགས་ཡུལ་ཤོག། ཐང་ཁ་ཡུལ་ཤོག་བཅས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་ཚོགས་ཆེན་དུ། སི་ཁྲོན་མི་རིགས་སློབ་གྲྭའི་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུའི་ཨུ་ཡོན། བསམ་བློ་ཀུན་སྤྱོད་དང་ཁྲིམས་སྐྱོང་སློབ་ཚན་གྱི་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཀྲའོ་ཀྲེང་ཕེང་གིས་དཀར་མཛེས་རྫོང་གི་དོན་དངོས་དང་ཟུང་དུ་སྦྲེལ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་བྱ་གཙོ་བོ་དང་གྲུབ་འབྲས་གཙོ་བོ། འདས་ཟིན་པའི་ལོ་ལྔའི་ལས་དོན། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཁྱབ་ཁུངས་གསར་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་དམིགས་འབེན་དང་ལས་འགན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་ཤུགས་རྒྱག་པའི་བཀོད་སྒྲིག་དང་བླང་བྱ། ཉེན་ཁ་ལ་སྤོབས་པ་ཆེན་པོས་ཁ་གཏད་པའི་སྐོར་སོགས་ཀྱི་ཐད་ནས་གསལ་འགྲེལ་གནང་།

        ཚོགས་འདུ་གྲོལ་རྗེས་ལས་བྱེད་མི་སྣ་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྦྱངས་ནས་ཁོང་དུ་ཆུད་པ་དང་། སོ་སོའི་ལས་དོན་དང་ཟུང་དུ་སྦྲེལ་ཏེ་ལག་ལེན་དངོས་སུ་བསྟར་ནས་དཀར་མཛེས་རྫོང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་ཅི་ནུས་བརྒྱག་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་ཁས་ལེན་དམ་བཅའ་བྱས་ཤིང་། རྒྱ་ཆེ་བའི་མང་ཚོགས་ཚོས་མ་གྲོས་གཅིག་མཐུན་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་རྒྱུ་ཡིན་ཞེས་བཤད་པ་རེད།།

        


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1