༄༅།།དགུན་དུས་ལྷ་སར་ཡུལ་སྐོར་བྱེད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 03-09


2.jpg

3.jpg

4.jpg

5.jpg

དགུན་དུས་ཀྱི་ལྷ་ས་ཡིས་ཡུལ་སྐོར་པ་སྐོར་དང་སྐོར་བསུ་བཞིན་ཡོད། དགུན་དུས་ལྷ་སར་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་ཡུལ་སྐོར་པ་རྣམས་ལྷ་སའི་རི་ཆུ་ལ་འཚོལ་ཞིབ་བྱེད་པའི་ཡུལ་སྐོར་ལམ་བུར་བསྐྱོད་པ་དང་། གལ་ཏེ་མི་ཞིག་གིས་དགུན་དུས་ཀྱི་ལྷ་ས་ནི་གང་འདྲ་ཡིན་ཞེས་དྲིས་ན། གནས་དེའི་དྲོད་སྐྱིད་ལྡན་པའི་ཉི་འོད་དང་། སྲང་ལམ་མགོ་མཇུག་གི་ཇ་ཁང་། ནོར་ཤའི་བག་ལེབ། ལྷ་ས་སྐྱིད་ཆུ་རུ་དགུན་སྒྲོལ་པའི་དུས་བྱ། ཞོར་ཟས་ལས་པའི་མི་རྣམས་ཀྱི་གླུ་སྐད། བོད་ཀྱི་ལོ་སར་བསུ་བཞིན་པའི་ངོ་གདོང་རེ་རེ་བཅས་ཀྱིས་ཁྱོད་ལ་ལན་སྟེར་ངེས་ཡིན། དགུན་དུས་ཀྱི་ལྷ་སའི་ཉིན་མོའི་ཆ་སྙོམས་དྲོད་ཚད 14℃ལྷག་ཡིན་ཞིང་། ཉིན་རེར་དྲོད་སྐྱིད་ལྡན་པའི་ཉི་འོད་ལོངས་སུ་སྤྱོད་ཐུབ་པ་མ་ཟད། སྲུང་ལམ་རྒྱུ་ཚེ་བོད་ཀྱི་ལོ་སར་བསུ་བཞིན་པའི་མང་ཚོགས་ཀྱིས་ཚོང་པ་དང་རིན་གོང་གཏམ་པ་དང་། བོད་ཀྱི་གྱོན་གོས་ཚོང་ཁང་དུ་མི་རྣམས་ཀྱིས་བོད་ལྭ་གསར་བ་བཟོ་བའི་རས་བདམས་བཞིན་ཡོད། ཁྱིམ་བདག་ཚོས་བྱིས་པ་ཁྲིད་ནས་ཀ་ར་ཉོ་བ་བཅས་ཀྱི་རྣམ་པས་ཁྱོད་རང་གནའ་བོའི་གྲོང་ཁྱེར་འདི་ནང་འདྲེས་པར་བྱེད་ཐུབ། གནས་འདིར་སླེབས་ཚེ། གྲོང་ཁྱེར་འདིས་ཁྱོད་རང་གང་ནས་སླེབས་པ་ལ་སེམས་ཁུར་མི་བྱེད་པར་སྤྲོ་སེམས་ཆེན་པོས་ཁྱོད་ལ་བསུ་མ་བྱེད་ཁོ་ཐག་ཡིན། དགུན་དུས་ཀྱི་ལྷ་ས་རུ་ཡུལ་སྐོར་པ་ཆེས་མང་པའི་དུས་ཚིགས་ཀྱི་འུར་སྒྲ་མེད་པར་ལྷིང་འཇགས་ཀྱི་རྣམ་པས་ཁེངས་ཡོད། འདུ་འཛི་ཆེ་བའི་གནའ་མཁར་སྲང་ལམ་དུ་དེང་རབས་དང་ལོ་རྒྱུས་འདྲེས་པའི་རྣམ་པ་མངོན་ཡོད་པ་མ་ཟད། ལྷིང་འཇགས་དང་འུར་སྒྲ་མཉམ་དུ་གནས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1