མཚོ་སྔོན་དུ་རྒྱལ་ཁབ་རིམ་པའི་སྐད་གཉིས་གསོ་སྦྱོང་རྟེན་གཞི་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-08


          རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་གཉིས་ཤེས་ལྡན་པའི་གསོ་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ།

          ཞིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ་5པའི་ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་གཉིས་ཤེས་ལྡན་པའི་གསོ་སྦྱོང་རྟེན་གཞི་དེ་མཚོ་སྔོན་ཉེན་རྟོག་སློབ་གླིང་དུ་བཙུགས་ཤིང་། འདི་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ནུབ་བྱང་ས་ཁུལ་དུ་བཙུགས་པའི་ཆེད་ལས་གསོ་སྦྱོང་རྟེན་གཞི་གཅིག་པུ་དེ་ཡིན།


           མཚོ་སྔོན་ཉེན་རྟོག་སློབ་གླིང་དུ་བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་གནང་བཞིན་པའི་རྣམ་པ།

         མཚོ་སྔོན་ཉེན་རྟོག་སློབ་གླིང་དུ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་གཉིས་ཤེས་ལྡན་པའི་གསོ་སྦྱོང་རྟེན་གཞི་བཙུགས་པ་ནི་བོད་རྒྱ་སྐད་གཉིས་གསོ་སྦྱོང་ལ་ཤུགས་སྣོན་དང་། ཀྲུང་དབྱང་གི་བོད་ཁུལ་ལས་དོན་གྱི་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་ཁབ་ཀྱི་ཡུན་རིང་འཕེལ་རྒྱས་སོགས་དང་འབྲེལ་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། བོད་ཁུལ་གྱི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། གསོ་སྦྱོང་རྟེན་གཞི་འདི་ནི་2013ལོར་སྤྱི་བདེ་པུའུ་ཡིས་མཚོ་སྔོན་ཉེན་རྟོག་སློབ་གླིང་དུ་རྒྱལ་ཡོངས་ཀྱི་སྤྱི་བདེ་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་གསོ་སྦྱོང་རྟེན་གཞི་བཙུགས་པའི་རྗེས་སུ་གསར་དུ་ཚུགས་པའི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་རྟེན་གཞི་གཉིས་པ་དེ་ཡིན།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1