དཀར་མཛེས་རྫོང་ཁམས་བྱང་དཔེ་ཀློག་ལྟེ་གནས་ཀྱི་སྒོ་ཕྱེ་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-13


        

        ཉེ་ལམ། དཀར་མཛེས་རྫོང་ཁམས་བྱང་དཔེ་ཀློག་ལྟེ་གནས་སྒོ་འབྱེད་པའི་མཛད་སྒོ་ནོར་བུ་གླིང་ཐང་ཆེན་ནས་སྤེལ། དུས་ཡུན་ལོ་གཅིག་གི་རིང་ལ་འཛུགས་སྐྲུན་དང་དཔེ་དེབ་ཁ་གསབ་བྱས་པ་བརྒྱུད། དཀར་མཛེས་རྫོང་ཁམས་བྱང་དཔེ་ཀློག་ལྟེ་གནས་དངོས་སུ་དཔེ་ཀློག་ལ་མོས་པ་ཡོད་པའི་ཀློག་པ་པོ་རྣམས་ལ་སྒོ་ཕྱེ་ཐུབ་པ་བྱུང་།

        ཤེས་རྟོགས་བྱུང་བ་ལྟར་ན། དཔེ་ཀློག་ལྟེ་གནས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་4000ཡོད་པ་དང་། དཔེ་དེབ་ཁྲི་12.1ཉར་ཡོད། ལྟེ་གནས་ལ་དཔེ་ཀློག་ཁུལ་མང་པོ་བཀར་ཡོད་པ་དང་ཉིན་རེར་དཔེ་ཀློག་པ་500ཡས་མས་སྣེ་ལེན་བྱེད་བཞིན་ཡོད་པ་དང་། དཔེ་ཀློག་ལྟེ་གནས་སུ་དཔེ་ཆ་གཡར་སའི་རིག་ནུས་འཕྲུལ་ཆས་དང་གཞི་གྲངས་ཆེན་པོ་སོགས་ཀྱི་དེང་རབས་ཅན་གྱི་སྒྲིག་ཆས་བཀོད་སྒྲིག་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1