སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཚོགས་པའི་ཧྲུའུ་ཅི་ཧོ་ཀྲི་ཡུང་གིས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་སུ་གཟིགས་ཞིབ་གནང་།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-08


སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཚོགས་པའི་ཧྲུའུ་ཅི་ཧོ་ཀྲི་ཡུང་གིས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་སུ་གཟིགས་ཞིབ་གནང་བཞིན་པ།

           ཉེ་ཆར། སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པ་ཏང་ཨུའི་ཧྲུའུ་ཅི། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཀྲི་ཡུང་། དུས་དེབ་ཚོགས་པའི་སྤྱི་གཉེར་གྱི་ལས་རོགས་པ་དབྱང་ཝུའུ། དུས་དེབ་ཚོགས་པའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་མ་ཀའོ་ཅོན་དང་ཀྲུའུ་རེན་གཞོན་པ་ཁྲིན་ཆིང་བཅས་དང་ལྷན་དུ་གསར་དུ་བཙུགས་མ་ཐག་པའི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ལས་ཀར་གཟིགས་ཞིབ་གནང་བར་ཕེབས་པར་མ་ཟད། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ཚང་མར་འཚམས་འདྲི་གནང་།

        གངས་ལྗོངས་ཉི་གཞོན་གྱི་དུས་དེབ་གསར་ཤོས་དེར་གཟིགས་རྗེས། ཧྲུའུ་ཅི་ཧོ་ཀྲི་ཡུང་གིས་དུས་དེབ་ཀྱི་མཛེས་བཟོ་ཇུས་འགོད་དང་ལས་ཀའི་བཀོད་སྒྲིག་སོགས་ཀྱི་ཐད་དུ་རེ་འདུན་གསར་པ་བཏོན་པར་མ་ཟད། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ལས་ཀར་གདེང་འཇོག་གནང་། དུས་མཚུངས་སུ། མཛའ་བརྩེ་ལྡན་པའི་ངང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ལས་བཟོ་བ་ཡོངས་ཀྱི་ལས་ཀ་དང་འཚོ་བའི་གནས་ཚུལ་སྐོར་འདྲི་ཞིབ་གནང་།

   ཧོ་ཀྲི་ཡུང་གིས། དུས་དེབ་ཚོགས་པར་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་དངོས་སུ་བཙུགས་པ་ནི། བོད་ཁུལ་དུ་བསམ་བློའི་རིག་གནས་དྲིལ་བསྒྲགས་བྱ་བའི་གཡུལ་ས་ཇེ་བརྟན་དང་། གཙོ་རྒྱུག་རིག་གནས་ཀྱི་འགྲོ་ཕྱོགས་དང་མཐུན་པའི་དགོས་ངེས་ཀྱི་ལས་ཀ་ཞིག་ཡིན། ཏང་དེབ་ཚོགས་པས་ཧུར་བརྩོན་གྱི་སྒོ་ནས་གསར་སྤེལ་བྱས་པའི་གངས་ལྗོངས་ཉི་གཞོན་དུས་དེབ་ཀྱི་དུས་དེབ་གསུམ་དང་དྲ་ཚུགས་གཉིས། མཛོད་ཆེན་གཉིས། ཕྲན་འཕྲིན་བརྒྱད། འཇུག་སྒོ་གཉིས་བཅས་སོགས་ཀྱི་སྐད་གཉིས་འཕྲིན་སྦྱོར་ཐོན་རྫས་གསར་པ་རབ་དང་རིམ་པ་ཞིག་ཡོད་པ་ནི། འཕྲིན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་བུ་འཚོལ་སྙེག་བྱས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཚོགས་པ་ཞིག་རེད། ཁྱོད་ཚོས་མུ་མཐུད་འབད་བརྩོན་གྱིས། བོད་ཁུལ་གྱི་ཆེས་འཐུས་སྒོ་ཚང་ཞིང་ཆེས་སྟོབས་ཤུགས་དང་ལྡན་པའི་འཕྲིན་སྦྱོར་ཀུན་འདུས་ཀྱི་སྟེགས་བུ་འདི་འཛུགས་སྐྱོང་བྱོས་དང་། ཏང་དེབ་ཚོགས་པའི་ཏང་ཨུ་དང་འགོ་ཁྲིད་རྣམས་གངས་ལྗོངས་ཉི་གཞོན་ལ་རེ་བས་ཁེངས་ཡོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1