༄༅།།ཉིང་ཁྲིའི་སྐབས་ཉི་ཤུ་པའི་ཁམ་བུ་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཚེས28ཉིན་སྤེལ་མགོ་རྩོམ་རྒྱུ་རེད།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 03-14


3.jpg


ད་ལོའི་ཉིང་ཁྲིའི་ཁམ་བུ་མེ་ཏོག་དུས་ཆེན་གྱིས“ཉིང་ཁྲིའི་ཁམ་བུ་མེ་ཏོག·བདེ་སྐྱིད་མཚན་མོའི་ཁྲོམ་ར”དང“ཁམ་བུའི་བརྩེ་དུང·གླུ་གཞས་ཉམས་ལེན”ཏེ2023ལོའི་སྐབས་བཞི་བའི་གངས་ལྗོངས་ཁམ་བུ་མེ་ཏོག་གླུ་དབྱངས་དུས་ཆེན་དང་། “ཁམ་བུ་མེ་ཏོག་ལ་དུང་བ·མཉམ་དུ་འཛོམས་པ”ཞེས་པའི་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཉིང་ཁྲི་རུ་འཛོམས་པ། “ཁམ་བུ་མེ་ཏོག·མཛེས་མ་བདམས”པའི2023ལོའི་ཉིང་ཁྲི་ཡུལ་སྐོར་གཟུགས་བརྙན་གཞུང་ཚབ་བདམས་པ་དང་སྐབས་བརྒྱད་པའི“ཁམ་བུའི་ལྷ་མོ”བདམས་པའི་བྱ་འགུལ13སྤེལ་རྒྱུ་རེད། དེ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་ཆུས་སོ་སོས་ཡན་ལག་ཚོགས་རའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། “གནས་གཅིག་ནས་མཛེས་པ”ནས“གནས་མང་པོ་མཛེས་པ”མངོན་འགྱུར་བྱུང་ནས་མཐར་ཁོངས་ཡོངས་མཛེས་པར་གྱུར་ནས། རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ་མེ་ཏོག་གཟིགས་པའི་ཞོར་དུ་སྔར་ལས་དྲག་པའི་མྱོང་ཚོར་དང་སྔར་ལས་ཟབ་པའི་ཞུགས་ཚད་མྱངས་སུ་འཇུག་རྒྱུ་རེད།  ད་ལོའི་ཉིང་ཁྲི་ཁམ་བུ་མེ་ཏོག་དུས་ཆེན་མགོ་རྩོམ་པའི་དུས་ཚོད་ཟླ 3པའི་ཚེས28དེ“བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཞི་བས་བཅིངས་འགྲོལ་ཐོབ་པའི་དྲན་གསོ”ཉིན་བཀོད་སྒྲིག་བྱས་ཡོད་ལ། དེའི་དམིགས་ཡུལ་ནི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་མང་བའི་བྱ་འགུལ་སྤེལ་ནས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་ངོ64ལོན་པར་རྟེན་འབྲེལ་ཞུ་རྒྱུ་དང་། དུས་རབས་གསར་བའི་ཉིང་ཁྲི་ཡིས་ཏང་གི་མགོ་ཁྲིད་འོག་ལོ་རྒྱུས་གྲུབ་འབྲས་གཡུར་ཟ་བླངས་པ་དང་དམངས་གཙོ་བཅོས་སྒྱུར་རྗེས་སུ་ཉིང་ཁྲི་མི་དམངས་བདེ་སྡོད་ལས་བརྩོན། བདེ་སྐྱིད་ལྡན་པའི་འཚོ་བ། མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་མཉམ་དུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཉིང་ཁྲི་གསར་བ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་དང་ཆོད་སེམས་བཅས་མཚོན་རྒྱུ་དེ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1