གསེར་དངུལ་ཟངས་སོགས་རྡུང་བའི་ལག་རྩལ་རྒྱུད་འཛིན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-14


        བཀྲ་ཤིས་སྐྱིད་ཚལ་གྱི་གསེར་དངུལ་ཟངས་ཆས་རྡུང་ཁང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཁུལ་དུ་ཡོད་པ་དང་། མགར་བའི་རོགས་རེས་ཚོགས་ཆུང་ནས་འཕེལ་རྒྱས་བྱུང་ནས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས་སུ་གྱུར་པ་ཞིག་རེད། 2011ལོར། བཀྲ་ཤིས་སྐྱིད་ཚལ་གསེར་དངུལ་ཟངས་ཆས་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གསུམ་པའི་ནང་བཅུག་ཡོད།

        བཟོ་ཁང་ནང་ལག་ཤེས་བཟོ་པས་རང་འགན་རང་གིས་འཁུར་ཏེ་ངར་ལྕགས་དང་། འཇིམ་བརྐོས། རྐོ་དཀྲོལ་སོགས་ཀྱི་ལས་རིམ་ལེགས་སྒྲུབ་བྱེད་ཀྱིན་ཡོད། བརྐོས་དཀྲོལ་ལེགས་པའི་གསེར་དངུལ་ཟངས་ཆས་ཚང་མ་ལག་གཉིས་ཀྱི་རྩལ་ལ་བརྟེན་ནས་བཟོས་པ་ཡིན་ཞིང་། སྒྱུ་རྩལ་པས་ཐེའུ་ཆུང་གི་རྡུང་སྒྲ་དལ་ལྷོད་རན་པོ་བརྒྱུད་དེ་གནའ་བོའི་ལག་རྩལ་བརྟན་སྲུང་དང་རྒྱུན་འཛིན་བྱེད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1