དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་དོན་གཅོད་ཁང་གིས་མགྲོན་ཁང་ཚགས་བཤེར་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-14


        ཉེ་ཆར། དར་མདོ་གྲོང་ཁྱེར་མགྲོན་ཁང་ག་གེ་མོ་ཞིག་གིས་མངག་ཐོ་ཕྱིར་སློག་བྱེད་སྐབས་རྣམ་འགྱུར་ངན་པ་བསྟན་པར་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས། ཁུལ་སྲིད་གྲོས་ཀྱི་ཏང་ཚན་ཁག་གི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། ཁུལ་རིག་གནས་དང་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་གལ་ཏེ་མི་སུ་ཞིག་གིས་དཀར་མཛེས་ཁུལ་ཡུལ་སྐོར་གྱི་སྒོ་བྱང་བཅག་ཚེ་ངས་ཁྱོད་ཀྱི་ལྟོ་ཕོར་མེད་པར་བཟོ་ངེས་ཡིན་ཞེས་ལན་བསྐྱོན་པ་རེད། འདི་ལྟར་ལན་བསྐྱོན་དོན་ནི་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རེ་སྒུག་བྱས་པའི་ཆེད་དུ་རེད།

        དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་དོན་གཅོད་ཁང་ནི་དར་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པར་གནས་ཤིང་། ཤར་ནི་ཁུལ་ཡོངས་ཀྱི་འཇུག་སྒོ་སྟེ་མྱུར་བགྲོད་གཞུང་ལམ་དང་རླངས་འཁོར་བབས་ཚུགས་གནས་ཡུལ་རེད། བྱང་དང་ལྷོ་གཉིས་ནི་མི་རྒོད་མཚོ་དང་ཕག་མོ་རི། རྒྱུ་ལ་སོགས་ལྗོངས་ཁུལ་བརྒྱུད་དགོས་ངེས་ཀྱི་ལམ་ཡིན་པས་རླངས་འཁོར་དང་མི་འགྲུལ་ཧ་ཅང་མང་ཞིང་གནས་ཚང་དང་མགྲོན་ཁང་སོགས་ཀྱང་མང་པོ་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ད་སྔའི་བར་མདོ་གྲོང་ཁྲོམ་གཞུང་དོན་གཅོད་ཁང་གི་ཁོངས་གཏོགས་སུ་མགྲོན་ཁང་ཆེ་ཆུང་དང་གནས་ཚང400ལྷག་ཙམ་ཡོད་པ་དེ་དག་ཁྲོམ་ལམ་ཆེ་ཆུང་གང་སར་ཁྱབ་ཡོད་པ་རེད།

        དོན་རྐྱེན་དེ་རིགས་འབྱུང་བར་སྔོན་འགོག་ནུས་ལྡན་བྱ་ཆེད། ཁྲོམ་གཞུང་དོན་གཅོད་ཁང་གིས་དར་མདོ་གྲོང་ཁྱེར་གྱི་མགྲོན་ཁང་གཙང་བཤེར་བྱ་སྤྱོད་ཀྱི་བླང་བྱ་ལྟར་ཁོངས་གཏོགས་ཁུལ་དུ་ཉེན་བརྡའི་སློབ་གསོ་མགྱོགས་མྱུར་སྤེལ་བ་དང་། གྲོང་ཚོ(སྡེ་ཁུལ)13གྱི་དྲྭ་རྒྱའི་འཕྲིན་ཕྲན་ཚོགས་པ200ལྷག་ཙམ་དུ་དོན་རྐྱེན་དེ་ཐག་བཅད་ཚུལ་བརྒྱུད་སྤེལ་དང་དྲིལ་བསྒྲགས་བྱས་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་རིམ་པའི་སྡེ་ཚན་དང་ཁྲོམ་གཞུང་དོན་གཅོད་ཁང་གི་ལས་བྱེད་པ། སྡེ་ཁུལ་གྱི་མི་དམངས་ཉེན་རྟོག། གྲོང་ཚོའི(སྤྱི་ཁུལ)ལས་བྱེད་པ། དྲྭ་མིག་ཅན་གྱི་དོ་དམ་པ་བཅས་ཟུང་འབྲེལ་གྱི་རྣམ་པའི་སྒོ་ནས་ཚོ་ཆུང་བཞི་ལ་བགོས་ཏེ་ཁོངས་གཏོགས་ཁུལ་གྱི་མགྲོན་ཁང་དང་གནས་ཚང་། ཚོང་ཁང་སོགས་རིག་གནས་ཡུལ་སྐོར་དང་འབྲེལ་ཡོད་ཐོན་ལས་ལ་ཁྱོན་ཡོངས་ནས་ཚགས་བཤེར་བྱས་ཏེ་དྲིལ་བསྒྲགས་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེ་བའི་ཡུལ་སྐོར་བར་བློ་བདེ་དང་སེམས་སྐྱིད་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན་པ་རེད།

        མདོ་གྲོང་ཁྲོམ་གཞུང་རླུང་ཁུག་གྲོང་སྡེ་རུ་གནས་ཚང་གཉེར་སྐྱོང་བྱེད་མཁན་དབྱང་ལགས་ཀྱིས་དཀར་མཛེས་ཡུལ་སྐོར་གྱི་ཡུན་རིང་འཕེལ་རྒྱས་ཡོང་ཆེད། གནས་ཚུལ་དེ་རིགས་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས་བྱ་སྤྱོད་དེ་རིགས་རྩ་ནས་བཅོས་ཏེ་དཀར་མཛེས་ཡུལ་སྐོར་གྱི་སྒོ་བྱང་བསྲུངས་ནས་སྤྱོད་གཙང་གཞུང་དྲང་གི་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1