སྲོག་ཆགས་འདི་འདྲ་ཞིག་བསྐྱབས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-15


        ཉེ་ཆར། བོད་ལྗོངས་ཉིང་ཁྲིའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གི་རྫ་ཡུལ་མཐའ་མཚམས་མངགས་གཏོང་ཁང་ལ་དམངས་ཚོགས་ཀྱི་ཉེན་བརྡ་འབྱོར་སྟེ། རྫ་ཡུལ་སྟོད་གྲོང་རྡལ་དམིགས་སྒོ་གྲོང་ཚོ་དང་བར་ཐག་སྤྱི་ལེ་12ཡོད་པའི་ནགས་ཚལ་ཁྲོད་ནས་ལྕགས་གཟེབ་ཏུ་ཚུད་པའི“མི་འདྲ་བ་བཞིའི”སྲོག་ཆགས་ཤིག་མཐོང་བྱུང་ཞེས་བརྗོད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་འཕྲལ་མར་དོན་རྐྱེན་ཐོན་ཡུལ་དུ་སྐྱོབ་པར་བསྐྱོད་པ་རེད།

        གཏན་འཁེལ་བྱས་པ་བརྒྱུད། ས་གནས་དེ་གའི་དམངས་ཚོགས་ཀྱིས “མི་འདྲ་བ་བཞི”ཞེས་ཤོད་སྲོལ་ཡོད་པའི་སྲོག་ཆགས་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་སྟེ། ཧི་མ་ལ་ཡའི་གཅན་གཟན་གཙོད་ཡིན་པ་དང་། མི་དམངས་ཉེན་རྟོག་པས་སྲོག་ཆགས་དེ་བསྐྱབས་པ་མ་ཟད་ལྕགས་གཟེབ་དེ་མེད་པར་བཟོས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། སྲོག་ཆགས་དེའི་རྐང་བར་མངོན་གསལ་དོད་པོའི་རྨས་སྐྱོན་ཕོག་མེད་པ་དང་། གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་སྟབས་མི་དམངས་ཉེན་རྟོག་པས་དེ་རང་བྱུང་ཁམས་ཆེན་མོར་བཏང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1