ཞི་ཅིན་ཕིང་གིས་པའོ་ཏེར་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-15


        སྤྱི་ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ཏེར་ལ་གློག་འཕྲིན་བཏང་ནས་ཁོང་གིས་ནེ་པ་ལའི་ཙུང་ཐུང་གི་འགན་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།

        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་ཡིན། སྤྱི་ལོ་1955ལོར་ཕྱི་འབྲེལ་བཙུགས་ཚུན་དུ་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་གོང་འཕེལ་ཕྱིན་ཏེ། རྒྱལ་ཁབ་ཆེ་བ་དང་ཆུང་བའི་བར་ཞི་བདེ་མཉམ་གནས་དང་མཛའ་གྲོགས་རོགས་རེས་ཀྱི་མིག་དཔེ་བཏོད་ཡོད། ང་རང་ནས་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་པའོ་ཏེར་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ནེ་པ་ལའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཀྱི་ཡིད་ཆེས་ཟབ་དུ་གཏོང་བ། སྤུས་མཐོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་ཀྱིས་ཀྲུང་གོ་དང་ནེ་པ་ལའི་གོང་འཕེལ་དང་དར་རྒྱས་ལ་ཁ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1