བོགས་གཏོང་སྡོད་ཁང་8200ནང་སྡོད་ཆོག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-16


        ཟླ་3ཚེས་13ཉིན། ཁྲེང་ཏུའུ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཆུས(གྲོང་ཁྱེར)དང་རྫོང་ཁག་གི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་དང་། ཁྲེང་ཏུའུ་ཞང་ཁྲེང་ཚོགས་པ། ཁྲེང་ཏུའུ་གྲོང་ཁྱེར་མ་འཇོག་ཚོགས་པ། ཁྲེང་ཏུའུ་ཀའོ་མ་འཇོག་ཚོགས་པ་སོགས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གཉེར་སྐྱོང་ཞབས་ཞུའི་ཁེ་ལས་ཀྱིས་གཞོགས་འདེགས་བྱས་པའི། “ཁྲེང་ཏུའུ་རུ་སྡོད་རྒྱུར་འཚམ་ཞིང་། བློ་བདེ་ངང་སྡོད་ཁང་བོགས་གཏོང་བྱེད”ཅེས་པའི་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་ཆེད་དོན་འོས་སྦྱོར་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བཏོན་པའི་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་རྣམ་གྲངས་ཁྱོན་12དང་། སྡོད་ཁང་8200ཡོད་པ་དེ་དག་ཁྲེང་ཏུའུ་ཐེན་ཧྥུ་མཉེན་ཆས་གླིང་དང་ཁྲེང་ཏུའུ་ཤར་བབས་ཚུགས་སོགས་ས་ཁོངས་སུ་གནས་པ་དང་། འགྲིམ་འགྲུལ་སྟབས་བདེ་དང་ལེ་ལག་འཐུས་ཚང་ཡོད་པས་གྲོང་མི་གསར་པ་དང་གཞོན་ནུ་ཚོའི་བོགས་གཏོང་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཉིན་གསུམ་ཡིན་པ་དང་། རྗེས་མཐུད་དུ་ད་དུང་གྲོང་ཁྱེར་ཡོངས་ཀྱི་ས་ཁོངས་གཞན་དག་ཏུ་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་ཆེད་དོན་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས། གྲོང་མི་གསར་པ་དང་གཞོན་ནུ་ཚོར་སྲིད་ཇུས་དང་རྣམ་གྲངས་ཤེས་རྟོགས་བྱ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་། བློ་བདེ་བའི་སྒོ་ནས་སྡོད་ཁང་ཡག་པོ་བོགས་མར་གཏོང་ཐུབ་པ་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1