སྡེ་དགེ་རྫོང་སྲིད་གྲོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

ལྷ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-17



སྡེ་དགེ་རྫོང་སྲིད་གྲོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱས་ཏེ་ཞིབ་བསྡུར་སྐྱོན་བཤེར་བརྒྱུད་ནས་ཧེ་བག་བཙལ་ཏེ་ཐུན་མོང་གི་ངོས་འཛིན་གོང་བུར་གཅིག་ཏུ་བསྒྲིལ་ནས་རིམ་སྤར་ལ་སྐུལ་འདེད་གཏོང་བ།

        རྫོང་སྒྲིག་བཤེར་ཨུ་ལྷན་དང་རྫོང་ཨུ་རྩ་འཛུགས་པུས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་ལྟར།  ཉེ་ཆར།  རྫོང་སྲིད་གྲོས་ཏང་ཙུའུ་ཡིས་2022ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས། ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་ཞི་ཐུབ་བསྟན་ནམ་མཁའ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།  རྫོང་ཨུ་རྩ་འཛུགས་པུའི་པུའུ་དོན་ཨུ་ཡོན་ཅ་ལིན་ཚོགས་འདུར་ཁྲིད་སྟོན་གནང་བར་ཕེབས།

         ཚོགས་འདུ་མ་འཚོགས་སྔོན་རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་པས་སྒེར་གྱི་རང་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་གཉིས་ཟུང་འབྲེལ་བྱེད་ཐབས་ལ་བརྟེན་ནས་ཏང་གི་སྒྲིག་ཡིག་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་སི་ཁྲོན་ལ་གནང་བའི་ཁྲིད་སྟོན་གལ་ཆེན་གྱི་དགོངས་དོན།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན།  ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་རྫོང་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན།  སྦྱངས་ནས་ཤེས་པ་དང་བྱང་ཆུབ་པ།  ཏན་ཏིག་བཅས་བྱས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་རྒྱུན་ཆད་མེད་པར་ཡག་པོ་འཚོགས་རྒྱུའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ།  བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་བསམ་འཆར་བསྡུ་ལེན་གྱི་རེའུ་མིག་སྤྲད་པ་བརྒྱུད། རིམ་པ་མང་པོ་དང་ཐབས་ལམ་མང་པོར་བརྟེན་ནས་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཡོད། སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་རེས།  ངང་རྒྱུད་རིང་པོས་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་རེས་གཏིང་ཟབ་བྱས་ནས་གནད་དོན་གསལ་བཤད་གང་ལེགས་དང་།  བསམ་འཆར་གྲོས་བསྡུས་ཡག་པོ།  བསམ་བློ་སྤེལ་རེས་བཅས་བྱས་ནས་ཐུན་མོང་གི་ངོས་འཛིན་ཆགས་པ་བྱས།  གནད་དོན་མངོན་གསལ་དོད་རིགས་ཞིབ་བཤེར་གསལ་སྟོན་ནན་ཏན་བྱས་ནས། སྣེ་ཁྲིད་དྲུག་ལ་ཞིབ་བསྡུར་བྱས་ནས་མི་འདང་སའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། སྐྱོན་བཤེར་གྱི་དཔྱད་ཡིག་བྲིས་ཏེ་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད།  

       ཚོགས་འདུའི་ཐོག་ཐུབ་བསྟན་ནམ་མཁས་ཚན་ཁག་གི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་གནང་བ་དང་འབྲེལ་སྣེ་ཁྲིད་ནས་མི་སྒེར་གྱི་ཞིབ་བཤེར་དང་དབྱེ་ཞིབ་གནང་བ་རེད།  གཞན་ཁོངས་མིས་གྲོས་ཚོགས་ཀྱི་བརྗོད་གཞི་ལ་དམིགས་ནས།  རིམ་བཞིན་དུ་མི་སྒེར་གྱི་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་གནང་བ།  ཚན་པའི་ཁོངས་མིའི་བར་དུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་།  རང་ཉིད་དེའི་ནང་དུ་འཇོག་པ་དང་།  འགན་འཁྲུ་འཁུར་བ་མཐའ་འཁྱོངས་བྱེད་ཅིང་། དངོས་ཐོག་བདེན་འཚོལ་གྱིས་གནད་དོན་བཤད་པ་དང་།  ལྷག་བསམ་རྣམ་དག་གིས་བསམ་འཆར་བཏོན་པས།  བསམ་བློ་གཅིག་གྱུར་དང་།  མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་དང་།  སྙིང་སྟོབས་ཆེར་སྐྱེད་ཀྱི་དམིགས་ཡུལ་འགྲུབ་ཐུབ་པ་བྱུང་།  


       ཅ་ལིན་གྱིས་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུར་དཔྱད་གཏམ་སྤེལ་བ་དང་འབྲེལ་ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཧ་ཅང་ཡག་པོ་འཚོགས་འདུག་ལ་ཕན་འབྲས་ཀྱང་ཆེན་པོ་ཐོན་འདུག ཚང་མས་བསམ་བློ་སྤེལ་རེས་དང་།  གནད་དོན་ཞིབ་བཤེར།  ཁ་ཕྱོགས་གསལ་སྟོན། མཐུན་སྒྲིལ་སྐྱོན་བརྗོད་མཐུན་སྒྲིལ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཅེས་གསུངས་པ་རེད།  གོ་རིམ་རྗེས་མའི་ནང་རྫོང་སྲིད་གྲོས་ཀྱི་དབུ་ཁྲིད་རྣམ་པས་ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་གོ་སྐབས་སུ་འཛིན་ནས་སྔར་ལས་ལྷག་པར་སྲིད་གྲོས་ཚན་པའི་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ།  ཐོག་མའི་བསམ་འདུན་མ་བརྗེད་པར།  འགན་འཁྲི་འཁུར་ཕོད་པ་དང་། སྡེ་དགེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས།  མཐུན་སྒྲིལ་ཕྱུག་འགྱུར་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྡེ་དགེ་གསར་པ་འཛུགས་སྐྲུན་གང་མགྱོགས་བྱ་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས། 

        གོམ་སྟབས་རྗེས་མར་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས། སྲིད་གྲོས་ཀྱི་བྱ་བཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏང་དགོས།  ཐུབ་བསྟན་ནམ་མཁས་ནན་གསུང་གནང་དོན།  གཅིག་ནི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་ཏུ་གཏང་དགོས།  ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་སྟེ་ཏང་ཀྲུང་དབྱང་དང་ཞིང་ཆེན་དང་།  ཁུལ།  རྫོང་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱ་དགོས།  གཉིས་ནི་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་དག་ཐེར་ཡོ་བསྲང་དོན་འཁྱོལ་དམ་འཛིན་བྱ་དགོས།  ཐོག་མཐའ་བར་གསུམ་དུ་དག་ཐེར་དོན་འཁྱོལ་བྱ་རྒྱུ་དེ་ལས་ཀའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་གནད་དོན་དག་ཐེར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏང་དགོས།  གསུམ་ནི་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཕྱོད་ཆེ་རུ་གཏང་དགོས།  དཀའ་སྤྱད་འབད་བརྩོན་གྱི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲུབ་འབྲས་ལ་སྟོབས་ཤུགས་གང་ཡོད་བཏོན་ནས་དུས་རབས་གསར་པའི་སྲིད་གྲོས་ཀྱི་བྱ་བཞག་སྤུས་ཚད་མཐོན་པོའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་བསྒྱུར་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1