༄༅།།ཨོ་ལོ་རྟགས་ཅན་གྱི་བྱིས་པའི་རྒྱན་གོས།

ལྷ་སྟག་མཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 03-20




འགོ་ཚུགས་མཛད་སྒོའི་རྣམ་པ།

དབྱངས་སྙན་མོའི་འགྱུར་ཁུག་ཁྲོད་ན་ཆུང་བྱིས་པ་ཤོམ་འགྲོ་བ་ཚོས་གར་སྟེགས་ཐོག་མཛེས་ཉམས་མངོན་པ།

  ཨོ་ལོ་རྒྱན་གོས་ཀྱི་ན་ཆུང་བྱིས་པའི་ཤོམ་འགྲོ་སྐབས་དང་པོ་དང་ཨོ་ལོ་རྟགས་ཅན་གྱི་བྱིས་པའི་རྒྱན་གོས་འགྲེམས་སྤེལ་མཛད་སྒོ་གནའ་མཁར་ཟི་ལིང་ནས་སྤེལ་བ་དང་།  མཛད་སྒོའི་ཐོག་མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཁ་གཡང་གྲོང་ཚོའི་མཛེས་ལྗོངས་དོ་དམ་ཚད་ཡོད་ཀུང་ཟིའི་མ་རྐང་བདག་པོ། སྐུ་ཞབས་པོའོ་བིན་ཀྲིན་དང་། བོད་ཀྱི་སློབ་གསོ་བ་གྲགས་ཅན་འཇིགས་མེད་རྒྱལ་མཚན། བོད་ཀྱི་སྒྱུ་རྩལ་པ་དང་སྙན་ངག་པ་གྲགས་ཅན་སྨན་བླ་སྐྱབས། བོད་ཀྱི་བྱིས་སྐྱོང་སློབ་གསོ་མཁས་པ་རླངས་ཚང་བསོད་ནམས་རྡོ་རྗེ། དེ་མིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་མདོ་འཛིན་པ་ལྷ་མོ་སོགས་ཆེད་མངགས་གདན་འདྲེན་ཞུས་ཡོད་ཅིང་། གདན་ཞུས་སྐུ་མགྲོན་རྣམ་པས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ལས་སྒོ་གསར་སྤེལ། རིག་གནས་རྒྱུད་འཛིན་དར་སྤེལ་དང་རིག་གནས་ཚོང་ལས་ཅན་བར་གྱི་འགལ་འབྲེལ། དེང་རབས་བོད་ཀྱི་རྒྱན་གོས་ཚོང་ལས་ཀྱི་གནས་བབ་དང་འབྱུང་འགྱུར་གྱི་འཕེལ་རྒྱས། བོད་ཀྱི་བྱིས་པའི་རྒྱན་གོས་ཚོང་ལམ་སྔོན་དཔག  བྱིས་པའི་སེམས་ཁམས་དང་རྒྱན་གོས་རིག་གནས་སོགས་ཐད་ནས་གཏམ་བཤད་སྤེལ་ཡོད་པ་རེད།

གནའ་མཁར་ཟི་ལིང་དུ་ན་ཆུང་བྱིས་པའི་ཤོམ་འགྲོ་ཞིག་སྤེལ།

གནའ་མཁར་ཟི་ལིང་དུ་ན་ཆུང་བྱིས་པའི་ཤོམ་འགྲོ་ཞིག་སྤེལ།

ཤེས་རྟོགས་བྱུང་བར། ཐེངས་འདིའི་ཨོ་ལོ་རྒྱན་གོས་ཀྱི་ན་ཆུང་བྱིས་པའི་ཤོམ་འགྲོ་སྐབས་དང་པོ་དང་ཨོ་ལོ་རྟགས་ཅན་གྱི་རྒྱན་གོས་ནི་མཚོ་སྔོན་ཨོ་ལོ་ཚོང་དོན་ཚད་ཡོད་ཀུང་སིས་ཚོང་ལས་ཀྱིས་རིག་གནས་དར་སྤེལ་ལ་ཞབས་ཞུ་སྒྲུབ་པ་དང་། རིག་གནས་ཞབས་ཞུས་ཚོང་ལས་འཕེལ་རྒྱས་ལ་སྒུལ་ཤུགས་འཚོལ་བའི་ཚོང་ལས་དང་རིག་གནས་ཞབས་ཞུ་ཟུང་འབྲེལ་ངང་གོང་འཕེལ་གཏོང་བའི་ལམ་ཁ་ལ་སྙེག་པ་ཞིག་ཡིན་པ་དང་། ཚོང་གཉེར་འདུ་ཤེས་ཀྱིས་བྱིས་པའི་རྒྱན་གོས་ཀྱི་ཚོང་ལས་གཙོ་བོ་བྱས་ཁར་རང་མི་རིགས་ཀྱི་ཐུན་མིན་རྒྱན་གོས་རིག་གནས་ལ་བརྟེན་ནས་མི་རིགས་ཀྱི་རིག་གནས་དྲིལ་སྒྲོག་དང་རྒྱུན་འཛིན་དར་སྤེལ་ལ་ཞབས་འདེགས་ཞུ་ཆེད། བོད་ཀྱི་བྱིས་པའི་རྒྱན་གོས་འགྲེམས་སྟོན་གྱི་ཤོམ་འགྲོ་འགྲན་བསྡུར་ཞིག་གཞི་རྒྱ་ཆེན་པོས་བསྟུད་མར་སྤེལ་ཏེ། བོད་ཀྱི་བྱིས་པའི་རྒྱན་གོས་ལ་འགྲེམས་སྟོན་གྱི་སྡིངས་ཆ་ཆེན་པོ་ཞིག་བསྐྲུན་པ་དང་། བྱིས་པའི་རྒྱན་གོས་དེང་རབས་ཅན་དང་འཛམ་གླིང་ཅན་ལ་ཁ་ཕྱོགས་རྒྱུར་འབད་བརྩོན་བྱེད་རྒྱུའི་འཆར་གཞི་འདུག

གནའ་མཁར་ཟི་ལིང་དུ་ན་ཆུང་བྱིས་པའི་ཤོམ་འགྲོ་ཞིག་སྤེལ།

གནའ་མཁར་ཟི་ལིང་དུ་ན་ཆུང་བྱིས་པའི་ཤོམ་འགྲོ་ཞིག་སྤེལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1