མཛོད་དགེ་རྫོང་གིས3པའི་ཚེས15ཉིན་གྱི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 03-20


        སྤྱི་ཟླ་3པའི་ཚེས15ཉིན་ནི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་ཐེངས41པ་ཡིན་པས།  མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་ཁྲིམས་འཛིན་ཅུས་དང་ཞིང་ལས་དངུལ་ཁང་།  ཡིད་རྟོན་མཉམ་འབྲེལ་ཁང་།  ཐ་མག་ཅུས།  སྤོ་འཕྲིན་ཀུང་སི།  ཡུལ་གྲོང13བཅས་རྩ་འཛུགས་བྱས་ཏེ།  འཛད་སྤྱོད་པར་སྙན་འབུལ་གྱིས་འཛད་སྤྱོད་པའི་ཡིད་རྟོན་ཆེར་གཏོང་བ་ཞེས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

        ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་རྒྱ་ཆེའི་འཛད་སྤྱོད་པར་བཟའ་ཆས་དང་སྨན་རྫས་ཀྱི་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱས་ཏེ།  འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཇེ་ཆེར་བཏང་ནས།  འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱེད་ཐབས་ཁྱབ་གདལ་དང་འཛད་སྤྱོད་ཡིད་རྟོན་ཇེ་ཆེར་གཏོང་རྒྱུ་དེ་ཡིན།  དྲིལ་སྒྲོག་བྱེད་སྒོ་ནི་ཡུལ་གྲོང་དང་སྲང་ལམ།  གྲོང་སྡེ་དང་སྡེ་ཁུལ་བཅས་སུ་དུས་མཉམ་གྱིས་སྤེལ་ཏེ། བསྡོམས་པའི《བཟའ་ཆས་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་དང་དྲིལ་སྒྲོག་གི་ཤེས་བྱའི་ཀློག་དེབ》དང《སྨན་རྫས་དོ་དམ་བཅའ་ཁྲིམས》《ཁམས་གསོའི་བཟའ་ཆས་ཤེས་བྱའི་དྲིས་ལན》སྒྲོག་ཤོག་ལྟེབ་མ315བཅས་ཤོག་ཚར20000ལྷག་བཀྲམ་པར་མ་ཟད།  དྲིལ་སྒྲོག་ལག་ཕྱིས་དང་དྲིལ་སྒྲོག་པང་ཁེབས། དྲིལ་སྒྲོག་སོ་ཕོར། དྲིལ་སྒྲོག་ལི་ཐོ་བཅས་སྟེར་བ་དང་།  རིན་ཐང་སྒོར་ཁྲི3ལྷག་ཟིན།

        མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་དབྱང་ཧུའེ་ཅུན་གྱིས་བཤད་རྒྱུར།《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》བཀྲམ་སྟེ་ལོ30འཁོར་བའི་སྐབས་འདིར།  མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་འཛད་སྤྱོད་པ་སྲུང་སྐྱོང་ཨུ་ལྷན་གྱིས་འཛད་སྤྱོད་པར་སྙན་འབུལ་གྱིས་འཛད་སྤྱོད་པའི་ཡིད་རྟོན་ཆེར་གཏོང་བ་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ།  འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་དང་འཛད་སྤྱོད་ཁེ་དབང་ཤར་སྒྲུབ།  འཛད་སྤྱོད་བག་ཉལ་ནུས་པ་འདོན་སྤེལ་བཅས་ནང་དོན་གཙོ་བོར་བཟུང་ནས།  དུས་ཡུན་ཉིན15ཅན་གྱི3པའི་ཚེས15ཉིན་གྱི་མུ་འབྲེལ་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ།  སློབ་གྲྭ་དང་འབྲོག་ཁུལ།  ཁྲོམ་ར་སོགས་སུ་བསྐྱོད་ནས་སྒྲོག་བརྒྱད་བྱེད་སྒོ་ཐེངས10ལྷག་སྤེལ་བ་དང་།  ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱེད་སྒོ་ཐེངས9སྤེལ་བ།  འཛད་སྤྱོད་ཁེ་དབང་སྲུང་སྐྱོང་འཕྲིན་ཐུང་ཁྲི4ལྷག་བསྐུར་བ་བཅས་ཀྱི་སྒོ་ནས།  བདེ་འཇགས་ཡིན་ལ་གོ་རིམ་ལྡན་པའི་ཁྲོམ་རའི་འཛད་སྤྱོད་ཁོར་ཡུག་གང་ལེགས་བསྐྲུན་ཡོད་ཟེར།

        མཛོད་དགེ་རྫོང་ཚོང་ལས་སྲང་ལམ་སྡེ་ཁུལ་གྱི་མང་ཚོགས་ཝང་ལི་ཡན་གྱིས་བཤད་རྒྱུར། དེ་རིང་གི་བྱེད་སྒོ་འདིར་དོན་སྙིང་ཆེན་པོ་ལྡན་འདོད།  ང་ནི་འཛད་སྤྱོད་པ་ཡིན་ལ་བདག་གཉེར་མཁན་ཡང་ཡིན་ལ།  ཐེངས་འདིའི་བྱེད་སྒོར་དོན་སྙིང་ལྡན་པའི་ཤེས་བྱ་གང་མང་རྟོགས་པས།  འདི་ནི་ང་ཚོ་བདག་གཉེར་མཁན་དང་འཛད་སྤྱོད་པ་ཀུན་ལ་མཚོན་ན་ཕན་ཐོགས་ཆེ་ཟེར།

        ཐེངས་འདིའི་བྱེད་སྒོར་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་གདེང་འཇོག་གང་ལེགས་ཐོབ་ཅིང་།  བྱེད་སྒོས་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཇེ་ཆེར་བཏང་བར་མ་ཟད། ཚང་མའི་ཁེ་དབང་སྲུང་སྐྱོང་ནུས་པ་དང་འཛད་སྤྱོད་ཡིད་རྟོན་ཇེ་ཆེར་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1