ཧུང་ཡོན་རྩྭ་ཐང་གློག་དྲ་ནམ་མཁའི་བུད་མེད་སྲུང་དམག་འཕུར་མགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 03-21



        དཔྱིད་ཟླ་གསུམ་པར་དཔྱིད་ཀྱི་རྣམ་པ་རྒྱས་རུང་། སི་ཁྲོན་ནུབ་རྒྱུད་ཀྱི་རྩྭ་ཐང་དུ་ད་རུང་ཁ་བ་མཐུག་པོ་བབས་ཡོད།

        ཉེ་ཆར། མཚོ་ངོས་ལས་མཐོ་ཚད་སྨི་4200ཡོད་པའི་རྔ་བ་ཁུལ་ཧུང་ཡོན་རྫོང་ཚལ་བྲན་ཉག་ཁའི་ཉེ་འགྲམ་དུ་མི་མེད་གནམ་གྲུ་དཀར་པོ་ཞིག་ཁ་བའི་མེ་ཏོག་གི་འདབ་མ་དང་མཉམ་དུ་མཁའ་དབྱིངས་སུ་འཕུར་སྐྱོད་བྱས། མཁའ་དབྱིངས་སུ་འཕུར་སྐྱོད་ཅུང་ཙམ་བྱས་རྗེས་ལྷོ་ཕྱོགས་སུ་འཕུར། ཟངས་དཀར་ལམ་ཐིག་བརྒྱུད་དེ་ཁོད་སྙོམས་པའི་རི་ཐང་བརྒལ་བ་དང་ཀྱག་ཀྱོག་གི་ཆུ་བོ་བརྒལ་རྗེས་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་ཀྱི་དབྱེ་མཚམས་རི་བོ་སྟེ་ཚལ་བྲན་ཉག་ཁ་བརྒལ་ནས་དལ་གྱིས་རྒྱང་རིང་དུ་ཡལ།

        མི་མེད་གནམ་གྲུ་འཕུར་གཏོང་མཁན་ནི། མགོ་ལ་བདེ་འཇགས་ཞྭ་མོ་སྔོན་པོ་དང་གྱོན་ཆས་མཐུག་པོ་གྱོན་པའི་བོད་རིགས་བུད་མེད་གཉིས་ཡིན། ཏྭ་རེ་ལྷ་མོ་དང་ལྷ་མོ་འཚོ་གཉིས་ཀྱིས་ནན་ཏན་ངང་མི་མེད་གནམ་གྲུའི་རྒྱང་བསྒྱུར་ལ་ཁ་ལོ་བསྒྱུར་བ་དང་། སོ་ལྟ་འཕྲུལ་ཆས་ནང་གི་གནས་ཚུལ་ལ་ཞིབ་མོར་ལྟ་བཞིན་ཡོད།  

        སྐར་མ་བཅུ་ལྷག་འགོར་རྗེས། ཏྭ་རེ་ལྷ་མོ་དང་ལྷ་མོ་འཚོས་འཆར་གཞི་ལྟར་ལམ་ཐིག་བགོས་བའི་སྐོར་ཞིབ་ལེགས་འགྲུབ་བྱུང་ལ།  ཧུང་ཡོན་ཀུང་སི་སྐལ་བཟང་མེ་ཏོག་གི་བུད་མེད་འཕུར་སྐྱོད་སྐོར་གཡེང་རུ་ཁག་ཀྱང་ཐེངས་དང་བོར་ལེགས་གྲུབ་བྱུང་།

        ཏྭ་རེ་ལྷ་མོ་དང་ལྷ་མོ་འཚོ་གཉིས་ནི་རྒྱལ་ཁབ་གློག་དྲ་ཧུང་ཡོན་རྫོང་གློག་གཏོང་ཀུང་སིའི་ལས་མི་ཡིན།  ཁོང་མོ་གཉིས་ཀ་ན་ནིང་ཟླ་བདུན་པར་ལས་ཀར་ཞུགས་པ་དང་། ཏྭ་རེ་ལྷ་མོ་ནི་ཀུང་སིའི་བྲིན་ཚོང་པུའུ་ཡི་འབྱུང་ཁུངས་གཅིག་པའི་མ་ལག་གི་རྨང་གཞིའི་གཞི་གྲངས་བཅོས་སྐྱོང་དང་མ་ལག་ལམ་ཐིག་གི་གནོད་འཚེ་བཅོས་སྐྱོང་སོགས་ཀྱི་ལས་ཀའི་འགན་ཁུར་ཡོད། ལྷ་མོ་འཚོ་ནི་ཀུང་སིས་རི་མེ་འགོག་པ་དང་གློག་འདྲེན་མ་ལག་དོ་དམ་ཚོད་འཛིན་བྱེད་པ། གློག་སྡེབ་དྲ་བའི་མ་ལག་དང་དྲ་བ་སྒྲིག་སྦྱོར་དོ་དམ་འཐུས་ཚང་དུ་གཏོང་རོགས་ཀྱི་འགན་ཁུར་ཡོད།  2022ལོའི་ལོ་མཇུག་ཏུ་ཧུང་ཡོན་ཀུང་སིས་རྒྱལ་ཁབ་གློག་དྲ་སི་ཁྲོན་རྔ་བ་ཁུལ་གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་རྒྱབ་སྐྱོར་ཤུགས་ཆེན་འོག་སྐལ་བཟང་མེ་ཏོག་བུད་མེད་འཕུར་སྐྱོད་སྐོར་གཡེང་རུ་ཁག་བཙུགས་ཤིང་།  རུ་ཁག་བཙུགས་པ་ནས་བཟུང་། ཁོང་ཚོས་ཀུང་སིའི་རྩ་འཛུགས་འོག་འཕུར་མཁན་དང་བོ་དང་རྒྱུན་རྣམ་ཅན་གྱི་གཏོང་འཇོག་ལས་དོན་ལ་གྲ་སྒྲིག་གང་ལེགས་བྱས་ཡོད།

        ཐེངས་དང་བོའི་འཕུར་གཏོང་ཉིན་ནི་ལོ་རེར་ཐེངས་རེའི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན། ལྷ་མོ་འཚོས། གནའ་ནས་ད་བར། མཐོ་སྒང་ས་ཁུལ་དུ་གློག་མཁོ་འདོན་གྱི་ལམ་ཐིག་སྐོར་གཡེང་བྱ་རྒྱུ་ནི་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཡིན། སྔོན་མར། ཚང་མར་སྐྱེས་པ་རྣམས་ཀྱིས་སྒྲུབ་པ་ཡིན་མོད། སྐལ་བཟང་མེ་ཏོག་གི་བུད་མེད་འཕུར་སྐྱོད་སྐོར་གཡེང་རུ་ཁག་གིས་དམིགས་བསལ་གྱི་ཉིན་མོ་དེར་གསུམ་བརྒྱད་དུས་ཆེན་གདམ་ཞིང་། ང་ཚོ་བུད་མེད་ཀྱི་གློག་ཤུགས་ལས་དོན་པས་དཀའ་ཚེགས་ཆེ་བའི་ལམ་ཐིག་སྐོར་ཞིབ་བྱེད་པའི་ལས་དོན་ནང་དངོས་སུ་ཞུགས་ཞེས་བཤད།  

        ཧུང་ཡོན་ཀུང་སིའི་འགན་འཁུར་བ་ལི་ཞི་དབྱང་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། སྟོང་ཧྥུ་10ཡི་ཟངས་དཀར་ལམ་ཐིག་ལྟ་བུ་ལ་སྤྱི་ལེ་23གྱི་གློག་བགོས་སྐུད་ལམ་ཡོད། རྒྱུན་གཏན་གྱི་མི་ཐབས་ལ་བརྟེན་ནས་སྐོར་ཞིབ་བྱས་ན་ཉིན་གཉིས་ལྷག་ལ་སྐོར་ཞིབ་བྱེད་དགོས། ཧུང་ཡོན་རྫོང་གི་ས་ཁོངས་རྒྱ་ཆེ་ཞིང་། གློག་མཁོ་འདོན་གྱི་ཚངས་ཕྱེད་ཆེ་ལ་སྐུད་ལམ་རིང་། མི་མེད་གནམ་གྲུས་སྐོར་ཞིབ་བྱེད་པའི་དུས་ཚོད་ཐུང་དུ་གཏོང་བ་དང་། ལས་ཕྱོད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ། དེ་དང་མཉམ་དུ། ས་མཐོའི་སྐོར་ཞིབ་ལས་དོན་སྤེལ་ཤུགས་ཡང་དུ་བཏང་ནས་གློག་ཤུགས་མི་སྣའི་ལས་ཀའི་ཆ་རྐྱེན་ལེགས་སུ་གཏོང་དགོས།


        རྒྱུས་ལོན་བྱས་པ་ལྟར་ན། ཧུང་ཡོན་ཀུང་སི་མཁོ་འདོན་ཁུལ་ནི་རྔ་བ་ཁུལ་གྱི་ཆ་སྙོམས་མཚོ་འཕགས་ཆེས་མཐོ་ཤོས་ཀྱི་ས་ཁོངས་ཡིན། ནམ་རྒྱུན་དུ། མཐོ་གྲང་དང་གསོ་རླུང་དཀོན་པ། གློག་མཁོ་འདོན་འགན་ལེན་ཞབས་ཞུའི་ཁྲོད་ཀྱི་ཕྱི་རོལ་གྱི་ལས་དོན་འབོར་ཆེན་ཚང་མ་སྐྱེས་པ་ཚོས་སྒྲུབ་མོད། ཉེ་བའི་ལོ་ཤས་རིང་། ཀུང་སིས་ལས་མི་གསར་བའི་ནང་བུད་མེད་ཇེ་མང་དང་མི་སྣའི་གྲུབ་ཆའི་ཁྲོད་བུད་མེད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད།  ལག་རྩལ་དང་དོ་དམ་བྱེད་ཐབས་གསར་བ་འབོར་ཆེན་ནང་འདྲེན་བྱས། བུད་མེད་ཀྱི་འཕུར་སྐྱོད་སྐོར་གཡེང་རུ་ཁག་འཛུགས་པ་སོགས་བརྒྱུད་དཀའ་གནད་རིམ་གྱིས་གྲོལ། ལི་ཞི་དབྱང་གིས། ཀུང་སི་གོང་འོག་ཚང་མས་ང་ཚོ་སྐལ་བཟང་མེ་ཏོག་བུད་མེད་འཕུར་སྐྱོད་སྐོར་གཡེང་རུ་ཁག་ལ་རེ་བ་ཆེན་པོ་བཅངས་ཡོད་ཟེར།

        རྒྱལ་ཁབ་གློག་དྲ་སི་ཁྲོན་རྔ་བ་ཁུལ་གྱི་གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། ཧུང་ཡོན་ཀུང་སིས་བུད་མེད་འཕུར་སྐྱོད་སྐོར་གཡེང་རུ་ཁག་བཙུགས་ནས་གློག་ཤུགས་མི་སྣའི་ཁོར་ཡུག་ཞན་ཁུལ་གྱི་ཆ་རྐྱེན་ལེགས་སུ་བཏང་བ་དང་། ལས་ཕྱོད་དང་སྤུས་ཚད་མཐོ་རུ་གཏོང་བ། ལས་བཟོའི་ནུས་བ་སྔར་བས་འདོན་སྤེལ་གང་ལེགས་བྱས་ནས་དོ་དམ་དང་ལག་རྩལ་ཐད་ཀྱི་ནུས་ལྡན་འཚོལ་ཞིབ་བྱས་ཞེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1