རྨོ་འདེབས་དུས་ཆེན་སྐབས་དང་པོའི་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-28


          ཉེ་ལམ། མཛོད་དགེ་རྫོང་གིས་2023ལོའི་མཛོད་དགེའི་དཔྱིད་ཀྱི་སོ་ནམ་ཞེས་པའི་དཔྱིད་རྨོད་ཐོན་སྐྱེད་སྐུལ་སློང་ཚོགས་འདུ་དང་རྨོ་འདེབས་དུས་ཆེན་སྐབས་དང་པོའི་བྱེད་སྒོ་ཐེ་བོ་གྲོང་རྡལ་དུ་སྤེལ།

        བྱེད་སྒོའི་ཡུལ་དངོས་སུ་འདྲུད་འཐེན་འཁོར་ལོ་སོགས་རྨོ་འདེབས་འཕྲུལ་ཆས་དག་གི་ལྡིར་སྒྲས་ཁེངས། ཞིང་ས་རོལ་བའི་ཚུལ་ནི་ཆུ་རླབས་འཕྱུར་བ་དང་མཚུངས་ཤིང་ས་རྒྱུ་གཤིན་པོའི་དྲི་བསུང་གང་སར་ཁྱབ། ཞིང་བ་རྣམས་ལས་ལ་བྲེལ་བའི་རྣམ་པ་ནི་གསོན་ཉམས་ཀྱིས་རི་མོ་ཞིག་དང་འདྲ་ཞིང་། དེ་ལས་དཔྱིད་ཀའི་གསོན་ཤུགས་དང་དྲོད་ཁོལ་ཡང་མྱོང་ཐུབ། བྱེད་སྒོའི་མགོ་བརྩམས་པ་ན། སྡེ་མི་རྣམས་ཀྱིས་རྒྱན་གྱིས་སྤྲས་པའི་རྨོན་དོར་ཞིང་ཁར་ཁྲིད་ཡོང་ནས་ཐོང་ཁ་འབྱེད་པ་དང་ལྷན་དུ་རེ་བའི་ས་བོན་གཏོར་རོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1