འདི་ལོ་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་ཁྲི་8ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-28


        2022ལོའི་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་ལས་འབྲིང་ཆུང་གི་གྲངས་འབོར་དང་། ལས་གཉེར་ཡོང་འབབ། ཁེ་སྤོགས་བསྡོམས་འབོར་བཅས་དུས་མཚུངས་ལས་10.5%དང་། 5.2% 1.1%བཅས་ཁག་སོ་སོར་འཕར་ཡོད།

        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། དཀའ་སེལ་རོགས་སྐྱོར་གྱི་བྱ་ཐབས་རབ་དང་རིམ་པ་བཏོན་པ་བརྒྱུད་རང་རྒྱལ་གྱི་ཁེ་ལས་འབྲིང་ཆུང་འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག ནུས་པ་ཆེར་གཏོང་བཅས་བྱུང་ནས་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཡོད། 2022ལོར་ཉིན་རེར་ཆ་སྙོམས་བྱས་ན་ཁེ་ལས་ཁྲི་2.38གསར་དུ་བཙུགས་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་གྲངས་འབོར་ཁྲི་5200ལས་བརྒལ་ཡོད་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་འབྲིང་ཆུང་གི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་80ལས་བརྒལ་ཡོད། ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་གསར་པ་འབོར་ཆེན་ཞིག་འབུར་དུ་ཐོན་ཏེ་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད།

        ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་ཁྲི་7ལྷག་ཙམ་སྐྱེད་སྲིང་བྱས་པའི་ནང་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་8997ཡོད། 2022ལོར་ཁྲོམ་འགྲེམ་ཁེ་ལས་གསར་པའི་ཁྲོད། ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་གིས་59%བཟུང་བའི་ནང་ཚན་རྩལ་གསར་གཏོད་རྣམ་པའི་ཁྲོམ་འགྲེམ་ཁེ་ལས་གསར་པའི་ཁྲོད་ཀྱི་72%ནི་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་ཡིན་པ་རེད། རིམ་རྩིས་བྱས་ན་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་1300ལྷག་ཙམ་གྱིས་མ་རྐང་Aཡི་ཁྲོམ་འགྲེམ་དང་མ་རྐང་Aཡི་ཁྲོམ་འགྲེམ་ནང་བཟུང་བའི་ཁེ་ལས་ཀྱི་བསྡོམས་འབོར་27%ཟིན་ཡོད། ཁེ་ལས་དེ་དག་གིས་བཟོ་ལས་ཀྱི་རྨང་གཞིའི་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་བཏོན་པ་མ་ཟད། ཆེད་ལས་ཅན་དང་། ཞིབ་ཚགས་ཅན། ཁྱད་ལྡན་ཅན། དཔེ་གསར་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་ཁྱད་ཆོས་གང་ལེགས་མངོན་ཡོད།

        2022ལོའི་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་ལས་འབྲིང་ཆུང་གི་གྲངས་འབོར་དང་། ལས་གཉེར་ཡོང་འབབ། ཁེ་སྤོགས་བསྡོམས་འབོར་བཅས་དུས་མཚུངས་ལས་10.5%དང་། 5.2% 1.1%བཅས་ཁག་སོ་སོར་འཕར་ཞིང་། བཟོ་འཕྲིན་པུས་ཁེ་ལས་འབྲིང་ཆུང་ཁྲི་4.3ལ་བརྟག་དཔྱད་བྱས་པ་ལས་མངོན་པར། 2022ལོར་ཁེ་ལས་བཅུ་ཆ་བཞི་ཙམ་ལ་གསར་འཕར་དངུལ་བུན་བཏང་བ་དང་། བཅུ་ཆ་དྲུག་ལས་བརྒལ་བའི་ཁེ་ལས་ལ་ཞིབ་སྤེལ་མ་དངུལ་བཏང་བ། བཅུ་ཆ་དྲུག་ལས་བརྒལ་བའི་ཁེ་ལས་ལ་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་བཅས་ཡོད་པས་ཁེ་ལས་འཕེལ་རྒྱས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

        བཟོ་འཕྲིན་པུའི་འབྲེལ་ཡོད་འགན་འཁུར་བས་འདི་ལོ་སྲིད་ཇུས་ལེགས་སུ་བཏང་ནས་ཁེ་ལས་ལ་ཕན་པ་འདོགས་པ་དང་། ཞབས་ཞུར་བརྟེན་ནས་ཁེ་ལས་ལ་རོགས་རམ་བྱེད་པ། ཁོར་ཡུག་ལེགས་སུ་བཏང་ནས་ཁེ་ལས་གསོན་ཤུགས་འཕེལ་བ། གསར་གཏོད་ལ་བརྟེན་ནས་ཁེ་ལས་སྟོབས་ཆེར་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་པ་དང་ཁེ་ལས་རྩེ་གྲ་རིམ་བཞིན་སྐྱེད་སྲིང་བྱེད་པའི་འདུ་འགོད་ལག་བསྟར་གཏིང་ཟབ། རྒྱལ་ཡོངས་ཀྱི་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་གི་གྲངས་འབོར་ཁྲི་8ལས་བརྒལ་བ། ཁེ་ལས་འབྲིང་ཆུང་གི་ཁྱད་ལྡན་ཐོན


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1