ཞི་ཅིན་ཕིང་གི་འབྲུ་རིཊ་བདེ་འཇཊ་སྐོར་གྱི་རྣམ་བཤད་དཔར་འགྲེམས་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 03-29


        ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་རྣམ་བཤད་གནད་བསྡུས》དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

        འབྲུ་རིགས་བདེ་འཇགས་ནི་“རྒྱལ་ཁབ་ཀྱི་དོན་ཆེན”ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཐོག ཐོག་མཐའ་བར་གསུམ་དུ་མི་འབོར་དུང་ཕྱུར་བཅུ་གྲངས་ཀྱི་ལྟོ་གོས་གནད་དོན་ཐག་གཅོད་ཡག་པོ་བྱེད་ཀྱི་ཡོད་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་དོན་ཆེན་ཨང་དང་པོར་བརྩིས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་བྱེད་པ། འབྲུ་རིགས་ས་ཞིང་དང་ལག་རྩལ་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱེད་པ། རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་པ། ས་བོན་ལས་རིགས་ཀྱི་ཚན་རྩལ་རང་ཚུགས་རང་འབད་དང་ས་བོན་གྱི་འབྱུང་ཁུངས་རང་བརྟེན་ཚོད་འཛིན་ཐུབ་པར་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འབྲུ་རིགས་སྤྱིའི་ཐོན་འབོར་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་པ། མི་འབོར་དུང་ཕྱུར་བཅུ་བཞི་ལྷག་གི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་ནུས་ལྡན་ཐུབ་པ་བཅས་བྱེད་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་དམིགས་ནས་སྤེལ་བའི་གལ་ཆེའི་རྣམ་བཤད་རབ་དང་རིམ་པ་ནི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡིན་པས། གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཁྱོན་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། འབྲུ་རིགས་བདེ་འཇགས་ཐད་ཀྱི་ཏང་སྲིད་གཉིས་ཀའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུར་འགན་ལེན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

        《རྣམ་བཤད་གནད་བསྡུས》དེ་ཆེད་དོན་ཁག་8ལ་དབྱེ་བ་དང་། ཁྱོན་རྣམ་བཤད་ཁག་240བསྡུས་པ་དེ་དག་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་12ཚེས་15ནས་2022ལོའི་ཟླ་12ཚེས་23ཉིན་བར་གྱི་སྙན་ཞུ་དང་། གསུང་བཤད། གཏམ་བཤད། བཀའ་མོལ། རྟེན་འབྲེལ་ཞུ་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་80ལྷག་ཙམ་ལས་གནད་བསྡུས་བྱས་ཤིང་། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་སུ་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1