གནམ་གཤིས་ཉིན་མོར་གནམ་གཤིས་ཤེས་བྱ་སྦྱོང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 03-30


འདི་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་གནམ་གཤིས་ལས་ཁུངས་ཀྱི་ལས་དོན་པས་མང་ཚོགས་ལ་གནམ་གཤིས་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་སློབ་ཆུང་དང་པོའི་སློབ་མས་གནམ་གཤིས་ལྟ་ཞིབ་ཚད་ལེན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

        ཟླ་3ཚེས་23ཉིན་ནི་འཛམ་གླིང་གི་གནམ་གཤིས་ཉིན་མོ་ཐེངས་63པ་ཡིན་པས། རང་ལྗོངས་ཀྱི་གནམ་གཤིས་ལས་ཁུངས་ཁག་གིས“གནམ་གཤིས་དང་ཆུ། མི་རབས་ཀྱི་འབྱུང་འགྱུར་དང་འབྲེལ”ཞེས་པའི་བརྗོད་དོན་དང་ཟུང་དུ་འབྲེལ་ནས་གནམ་གཤིས་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཏེ། གནམ་གཤིས་གནོད་འཚེ་སྔོན་འགོག་གི་ལག་དེབ་དང་གནམ་གཤིས་ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་དངོས་པོ་སྤྲད་པ་མ་ཟད། ས་གནས་ས་ཐོག་ཏུ་དཔྱིད་རྨོད་དཔྱིད་འདེབས་རིང་གི་གནམ་གཤིས་ཀྱི་འགྱུར་ལྡོག་དང་། གནམ་གཤིས་འགྱུར་ལྡོག་དང་བསྟུན་ཏེ་འཚོ་བ་སྐྱེལ་སྟངས་དང་ཐོན་སྐྱེད་བྱེད་སྟངས་ཇི་ལྟར་སྒྱུར་དགོས་པ་སོགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་ཕྱིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1