འདབ་ཆགས་མང་བོས་ཧུང་ཡོན་རྫོང་གི་སྐྱེ་ཁམས་མཛེས་པར་བཏང་།

ཚེ་རིང་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 03-30


        ཉེ་ཆར། ཧུང་ཡོན་རྫོང་དུ་འདབ་ཆགས་རྩ་ཆེན་མང་བོ་ཞིག་ཟླ་ཚེས་ཁུག་པར་སླེབས་ནས་མགྲིན་སྙན་མོ་མགུར་ར་བཀུག་ནས་རྩེད་འཇོར་གར་ལ་རོལ་བཞིན་ཁ་ཟས་འཚོལ་བཞིན་འདུག།

        ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་ཐུན་མོང་ཐོག་སྲུང་སྐྱོང་ཆེ་མོ་དམ་འཛིན་ཡག་པོ་དང་མཐུན་སྦྱོར་ངང་བཅོས་སྐྱོང་ཆེན་པོར་སྐུལ་འདེད་གཏོང་བའི་བརྗོད་བྱ་དོན་འཁྱོལ་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཏན་ཏིག་བསྒྲུབས་ནས་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཏེ། ལོ་རེའི་དཔྱིད་དུས་དང་སྟོན་དུས་སུ་ཁྲུང་ཁྲུང་དང་ངང་བ་སོགས་འདབ་ཆགས་མང་བོས་ཧུང་ཡོན་གྱི་སྐྱེ་ཁམས་ལ་སྔར་ལས་ལྷག་པའི་མཛེས་སྡུག་བསྣན་ཡོད།

        རྒྱུས་ལོན་བྱས་པ་ལྟར་ན། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཏུ་ཧུང་ཡོན་དུ་སླེབས་པའི་འདབ་ཆགས་ཀྱི་གྲངས་འབོར་ཡང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1