༄༅། །ཡུན་རིང་པོར་ཤ་མ་ཟོས་ན་གནོད་པ་འདི་དག་ཡོད་སྲིད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-30


        དཀར་ཟས་དང་བསྡུར་ན། ཤ་ཟོས་ན་མི་ལ་བློ་ཡིད་ཚིམས་པའི་ཚོར་བ་ཞིག་སྟེར། ཞིབ་འཇུག་ལས་མངོན་པ་ལྟར་ན། ཤ་ཟ་མཁན་དང་བསྡུར་ན། ཤ་མི་ཟ་མཁན་ལ་ཡི་མུག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

        སྨན་པས་གསལ་འདེབས་བྱས་དོན། དུས་ཡུན་རིང་པོར་ཤ་མི་ཟ་བའི་ལུས་ཕུང་ལ་འཚོ་བཅུད་དང་གཏེར་རྒྱུ་མི་འདང་བ་སྟེ། དཔེར་ན་ཚིལ་ཞུ་རང་བཞིན་གྱི་འཚོ་རྒྱུ་དང་། སྤྲི་དཀར་སྤུས་ལེགས། འཚོ་རྒྱུ་Bརིགས། ལྕགས། ཏི་ཚ་སོགས་ཀྱི་རིགས་ལྟ་བུ། མཚམས་རེར་ཉུང་ཙམ་ཟོས་ན་སྐྱོན་མེད། དུས་ཡུན་རིང་པོར་མ་འདང་ན་ཡི་མུག་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་། ལུས་ཕུང་གི་རིམས་འགོག་ནུས་པ་ཡང་ཇེ་དམའ་རུ་འགྲོ་ངེས། དཔེར་ན། ལྕགས་ཉུང་དྲགས་ན་ལྕགས་ཆད་རང་བཞིན་གྱི་ཁྲག་དཀོན་པར་འགྱུར་བ་དང་། དྲན་ཤེས་གཅིག་སྡུད་མིན་པ་དང་། བརྗེད་སླ་བ། གྲང་འཇིགས། ཤུགས་ཟད་པ། ཟླ་མཚན་མི་སྙོམས་པ་སོགས་ཀྱི་ནད་རྟགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1