༄༅། །དངུལ་བྱང་གཞན་ལ་གཡར་བས་རང་ཉིད་ཁྲིམས་ལ་སྦྱར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྐང་ཚའི་སྤྱི་བདེ། སྤེལ་དུས། 04-04



གྱོད་དོན་མདོར་བསྡུས།

        ཉེ་སྔོན་རྐང་ཚ་རྫོང་སྤྱི་བདེ་ཅུའུ་མཚོ་སྔོན་པོ་མངགས་གཏོང་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གློག་ཕྲིན་དྲ་རྒྱའི་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》 ལྟར། གློག་འཕྲིན་དྲ་རྒྱའི་མགོ་སྐོར་མི་སྣར་རོགས་རམ་བྱས་པའི་གནམ་ཆེ་གེ་མོར་སྲིད་འཛིན་ཆད་པ་བཅད།

        2022ལོའི་ཟླ11པར། མངའ་ཁུལ་དེའི་འབྲོག་དམངས་གནམ་ག་ཆེ་མོས་དངུལ་བྱང་གཞན་ལ་གཡར་ན་ཁྲིམས་འགལ་ཡིན་པ་ཤེས་བཞིན་དུ་སྔ་གཞུག་ཏུ་རང་གི་དངུལ་བྱང་གཉིས་ཕ་ཡུལ་ཧུའུ་ཀྲུའུ་ནས་ཡིན་པའི་སྐྱེས་པ་ཞིག་ལ་གཡར། སྐྱེས་པ་དེས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཐད་བཀོལ་ནས་ནག་ཉེས་བཟོས་པ་དང་ཁེ་ཕན་སྒོར་སྟོང་གཅིག་བླངས།

བཅའ་ཁྲིམས་དབྱེ་ཞིབ།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གློག་ཕྲིན་དྲ་རྒྱའི་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་སོ་གཅིག་པའི་ནང་གསེས་དང་པོ་གཏན་འབེབས་ལྟར། ལས་ཁུངས་དང་མི་སྒེར་སུ་ཞིག་གིས་ཀྱང་ཁ་པར་བྱང་བུ་དང་། དངོས་འབྲེལ་དྲ་སྤྲེལ་བྱང་བུ། གློག་འཕྲིན་སྐུད་ལམ། འཕྲིན་ཐུང་མཐུད་ཁ། དངུལ་ཁང་གི་རྩིས་ཐོ། གཏོང་སྤྲོད་རྩིས་ཐོ། དྲ་སྤྲེལ་གྱི་རྩིས་ཐོའི་ཨང་གྲངས་སོགས་ཁྲིམས་འགལ་གྱིས་ཉོ་ཚོང་དང་། བོགས་མར་གཏོང་བ། གཡར་བ་བཅས་བྱས་མི་ཆོག་པ་དང་། དངོས་མིང་ཐོག་ནས་ཞིབ་བཤེར་དང་རོགས་རམ་བྱས་མི་ཆོག་པ། མི་གཞན་གྱི་ཐོབ་ཐང་རྫུན་བཟོའམ་ཡང་ན་ལས་ཚབ་ཀྱི་འབྲེལ་བ་རྫུན་བཟོ་བྱས་ནས་གོང་གསལ་གྱི་བྱང་བུ་དང་། རྩིས་ཐོ། རྩིས་ཐོའི་ཨང་གྲངས་སོགས་ཐོ་འགོད་བྱས་མི་ཆོག

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གློག་ཕྲིན་དྲ་རྒྱའི་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན38པའི་གཏན་འབེབས་གཞིར་བཟུང་སྟེ། གློག་འཕྲིན་དྲ་རྒྱའི་མགོ་བསྐོར་གཏོང་བའི་བྱ་འགུལ་སྒྲིག་འཛུགས་དང་། ཇུས་འགོད། ལག་བསྟར། ཟབ་ཞུགས་བྱེད་པ་བཅས་སམ་ཡང་ན་གློག་འཕྲིན་དྲ་རྒྱའི་མགོ་བསྐོར་གཏོང་བའི་བྱེད་སྒོར་རོགས་རམ་བྱས་ནས་ཉེས་ཚད་ལོན་པའི་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། གོང་གསལ་ནང་གསེས་དོན་ཚན་གྱི་བྱ་སྤྱོད་དེ་དག་ནག་ཉེས་སུ་གྲུབ་མེད་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཉིན10ཡན་ནས་ཉིན15མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་གཅིག་མ་ལོན་པའི་རིགས་ལ་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ།

གོང་གི་ཁྲིམས་ལུགས་དབྱེ་ཞིབ་བརྒྱུད་དེ་གནམ་ཆེ་གེ་མོས་རང་ཉིད་ཀྱི་ཁེ་ཕན་བསམས་ནས། དངུལ་བྱང་གཞན་ལ་གཡར་ན་ཁྲིམས་འགལ་ཡིན་པ་ཤེས་བཞིན་དུ་རང་གི་དངུལ་བྱང་མི་གཞན་ལ་གཡར་ཏེ། གློག་འཕྲིན་དྲ་རྒྱའི་མགོ་སྐོར་པར་རོགས་བྱས་པའི་ཉེས་འགལ་ཡོད་པའམ་མགོ་སྐོར་པར་རོགས་བྱས་པའི་ནག་ཉེས་བསགས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན38པའི་ནང་གསེས2པའི་གཏན་འབེབས་        གཞིར་བཟུང་སྟེ། རྐང་ཚ་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་གནམ་ཆེ་གེ་མོར་སྲིད་འཛིན་དངུལ་ཆད་སྒོར1000བཅད་པར་མ་ཟད། ད་དུང་ཁོའི་ཁྲིམས་འགལ་ངང་ཐོབ་པའི་དངོས་རྫས་སོགས་གཞུང་བཞེས་བྱས།

དཔེར་མཚོན་དོན་སྙིང་།

        མི་སྒེར་གྱི་དངུལ་བྱང་དང་། དངུལ་བྱང་ཨང་གྲངས། ཁ་པར་བྱང་བུ། ཐོབ་ཐང་དཔང་ཡིག་སོགས་ཀྱི་ནང་དུ་མི་སྒེར་གྱི་ཐོབ་ཐང་དཔང་དངོས་ར་སྤྲོད་བྱེད་ཐུབ་པའི་ཡིག་ཆ་འདུས་ཡོད་ལ། གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱི་ཁྲིམས་འགལ་བྱ་སྤྱོད་རྡུང་རྡེག་ནན་མོ་གཏོང་བའི་གོ་སྐབས་དང་བསྟུན་ནས། གློག་འཕྲིན་དྲ་རྒྱ་མགོ་སྐོར་གྱིས་དངུལ་བྱང་ནས་སྒོར་མང་པོ་གསོག་འཇོག་བྱེད་པར་བཀག་སྡོམས་བྱས་པས། མགོ་སྐོར་པས་གཞན་གྱི་དངུལ་བྱང་གཡར་བ་དང་། དངུལ་བྱང་གི་བདག་པོར་བསླུ་བྲིད་བཏང་ནས་གཏན་འཁེལ་གྱི་དུས་ཚོད་དང་ས་གནས་ནས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་པའི་མ་དངུལ་འཁོར་རྒྱུག་ལ་རོགས་རམ་བྱས་རྗེས། དངུལ་བྱང་གི་བདག་པོའི་བྱང་བུ་ལས་མ་དངུལ་མང་པོ་འཁོར་རྒྱུགས་བྱས་ཡོད། གོང་གི་གནས་ཚུལ་ལས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་པར་རོགས་བྱས་པའི་ཉེས་འགལ་ཡོད་པའམ་མགོ་སྐོར་པར་རོགས་བྱས་པའི་ནག་ཉེས་ཡོད་པ། ཉེན་རྟོག་པས་འདི་ནས་དྲན་སྐུལ་ནན་མོ་བྱ་རྒྱུར། མིག་སྔུན་གྱི་ཁེ་ཕན་ལས་ཁྲིམས་འགལ་གྱི་རྒྱ་རུ་ཚུད་པར་གཟབ་གཟབ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1