ཁྲུང་ཁྲུང་མང་པོ་མཛོད་དགེའི་འདམ་རར་ཐོན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-06


        ཉེ་ལམ། མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་དུ་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་དུས་བྱ་མང་པོས་ངལ་གསོ་བ་དང་རྒུན་འབུ་འཐུ་བཞིན་འདུག །

        མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་འཕགས་ལ་སྨི་3500ཡས་མས་ཡོད་པ་དང་། དུས་བྱ་མང་པོ་གནས་སྤོ་སྐབས་ངལ་གསོ་སའི་གནས་གལ་ཆེན་ཞིག་ཡིན་ཞིང་། ལོ་རེའི་དཔྱིད་ཀ་དང་སྟོན་ཁར་དུས་བྱ་སྟོང་ལྷག་གནས་འདི་བརྒྱུད་བཞིན་ཡོད་པ་རེད། 

        ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་ཧུར་ཐག་གིས་འདམ་ར་སྲུང་སྐྱོབ་དང་ཉམས་གསོ་སོགས་ཀྱི་ལས་ཀ་བསྒྲུབས་ནས་དུས་བྱ་གནས་སྤོ་བར་ཁོར་ཡུག་ལེགས་པོ་འདོན་སྤྲོད་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1