ཕུའུ་ཅིང་གིས་འཆར་འགོད་གལ་ཆེན་བཏོན་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-07


        ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་4ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཐུའུ་ལཱ་རུ་གཟིགས་ཞིབ་གནང་སྐབས། ནུབ་ཕྱོགས་ཀྱིས་ཨུ་རུ་སུར་བཀག་སྡོམ་ཡུན་རིང་བྱ་རྒྱུ་ཡིན་པར་བརྟེན་ཨུ་རུ་སུས་ལག་རྩལ་དང་ཐོན་རྫས་ནང་འདྲེན་གྱི་ཚབ་བྱེད་སྲིད་ཇུས་བཟོ་བ་ཕུད། ད་དུང་དུས་ཡུན་རིང་འབྲིང་གི་ཕྱོགས་སྒྱུར་འཆར་འགོད་བཟོས་ནས། རྒྱལ་ཁབ་ཀྱི་བདག་དབང་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་བཤད།

        ཕུའུ་ཅིང་གིས་བཀག་སྡོམ་གྱིས་ཨུ་རུ་སུའི་ལས་རིགས་མང་པོར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་མོད། འོན་ཀྱང་། ཨུ་རུ་སུས་མི་ཤུགས་དང་དངོས་ཤུགས་སྐོང་འཐེན་བྱས་ནས། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་འགན་ལེན་བྱས་ཡོད། དེར་བརྟེན། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱིས་བྱེད་ཐབས་དགོས་ངེས་སྤྱད་དེ། རང་རྒྱལ་དང་མཛའ་གྲོགས་རྒྱལ་ཁབ་ཀྱིས་ཐོན་སྐྱེད་བྱས་པའི་རིགས་གཅིག་པའི་ཐོན་རྫས་ཀྱིས་ནུབ་ཕྱོགས་ཀྱི་ཐོན་རྫས་ཀྱི་ཚབ་བྱས་ཡོད་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1