༄༅།། རྒྱ་བཟའ་ཀོང་ཇོའི་དགོན་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 04-10


    རྒྱ་བཟའ་ཀོང་ཇོའི་དགོན་པར་དེ་བཞིན་གཤེགས་པའི་མཆོད་ཁང་ཡང་འབོད།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་དགུ་གྲོང་བརྡལ་གྱི་ལྷོ་ཕྱོགས་སུ་ཆགས་ཡོད།  མཆོད་ཁང་འདིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༨༠ཡས་མས་ཡོད་པ་དང་མཐོ་ཚད་ལ་སྨི13ཙམ་ཡོད།  སྤྱི་ལོ641ལོར་རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་གདན་འདྲེན་སྐབས་གནས་འདིར་བརྒྱུད་ཡོད་པ་དང་ད་ལྟའི་བར་ལོ་ངོ1300ལྷག་ཙམ་འགོར་ཡོད་པས་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཏུ་གྱུར་ཡོད།  སྤྱི་ལོ1957ལོར་མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོབ་གལ་ཆེན་གྱི་གྲས་སུ་བཞག་ཡོད།  མཆོད་ཁང་དེའི་དཀྱིལ་སྙིང་དུ་དེ་བཞིན་གཤེགས་པའི་སྐུ་འབག་བརྗིད་ཅིང་བརྟན་ལ།  གཡས་གཡོན་དུ་རྒྱལ་བ་བྱམས་པ་དང་རྗེ་བཙུན་འཇམ་པའི་དབྱངས།  ཀུན་ཏུ་བཟང་པོ་ལ་སོགས་པའི་བསྐོར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1