༄༅། །ཁེངས་སའི་ཁུལ་ནི་སའི་གོ་ལ་ཧྲིལ་པོའི་ནམ་ཟླའི་འགྱུར་ལྡོག་གི“ཚོར་སྐྱེན་ཁུལ”དུ་གྱུར་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 04-13



        མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང-པེ་ཅིན་དགེ་འོས་སློབ་ཆེན་གྱི་མཐོ་སྒང་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་གི་དགེ་རྒན་ཆེ་མོ་གཞོན་པ་ཁྲེན་ཀྲེ་ཡོད་པའི་ཚོགས་པ་ཡི་ཞིབ་འཇུག་གསར་ཤོས་ལས་མངོན་པ་ལྟར་ན། ལོ་མང་ཁེངས་སའི་ཁུལ་ནི་སའི་གོ་ལ་ཧྲིལ་པོའི་ནམ་ཟླའི་འགྱུར་ལྡོག་གི“ཚོར་སྐྱེན་ཁུལ”དུ་གྱུར་ཡོད་པར་མ་ཟད། ད་དུང་ས་ཁོངས་དེ་ཉིད་ནི་སའི་གོ་ལ་ཧྲིལ་པོ་ཇེ་དྲོར་གཏོང་བའི“འདེད་སྐུལ་འཕྲུལ་ཆས”སུ་ཡང་གྱུར་ཡོད།

གཙང་གསུམ་འབྱུང་ཡུལ་གྱི་ཁེངས་སའི་ཁུལ་ཞིག

        ད་ཡོད་ཀྱི་ཞིབ་འཇུག་ལས་གསལ་བ་ལྟར་ན། སའི་གོ་ལའི་བྱང་སྣེ་ཁུལ་ཚང་མ་དང་མདོ་དབུས་མཐོ་སྒང་གཉིས་ཀྱིས་མཚོན་པའི་ལོ་མང་ཁེངས་སའི་རྒྱ་ཁྱོན་གྱིས་སའི་གོ་ལའི་ཕྱེད་བྱང་མའི་སྐམ་སའི་རྒྱ་ཁྱོན་གྱི་བཞི་ཆའི་གཅིག་ཙམ་ཟིན་པ་དང་། དྲོད་ཚད་དམའ་བའི་རྒྱུ་རྐྱེན་འོག ཁེངས་ས་ཆགས་པའི་གོ་རིམ་ནང་དུ། ས་རྒྱུའི་སྐྱེ་ལྡན་ཐཱན་རྒྱུན་ཆད་མེད་པར་གསོག་འཇོག་བྱས་ཏེ་སྐམ་སའི་སྐྱེ་ཁམས་མ་ལག་གི་ཐཱན་མཛོད་གལ་ཆེན་ཞིག་ཏུ་གྱུར་ཡོད། དུས་མཚུངས་སུ། ལོ་མང་ཁེངས་སའི་ཁུལ་གྱི་སྟེང་རིམ་ས་རྒྱུའི་ནང་དུ་གསོག་ཉར་བྱུང་བའི་ཏན་གྱིས་ཀྱང་སའི་གོ་ལའི་ས་རྒྱུའི་ནང་གི་གསོག་ཉར་ཚད་ཀྱི10%ཡི་ཡན་ཆད་ཟིན་པ་རེད།

ཉེ་ཆར། ཁྲེན་ཀྲེ་ཡིས་བསྟན་དོན། ནམ་ཟླ་ཇེ་དྲོར་གྱུར་པ་ཡིས་ཕལ་ཆེར་འཁྱགས་གསོག་བྱས་ཡོད་པའི་ཐཱན་དང་ཏན་འདི་དག་སྐྱེ་དངོས་ཕྲ་རབ་ཀྱི་རྙིང་ཚབ་གསར་བྱེད་དང་རྩི་ཤིང་གིས་སྤྱོད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སྐྱེ་དངོས་སའི་གོ་ལའི་རྫས་འགྱུར་འཁོར་རྒྱུག་ནང་དུ་ཞུགས་ཏེ་དབྱང་གཉིས་ཐཱན་རྫས་དང་ཝན་ཀ་པ། དབྱང་ཏན་འབྲིང་རྫས་བཅས་ཀྱི་ཕྱིར་འབུད་ཇེ་མང་དུ་གཏོང་བ་རེད།

རྨ་ཆུའི་མགོ་ཁུངས་ཀྱི་ན་འདམ་རླན་ས།

        སྔར་གནས་ལ་ལྟ་ཞིབ་ཚད་ལེན་དང་འདྲ་དཔེ་ལས་སྔོན་དཔག་བྱས་པ་བརྒྱུད། ཁྲེན་ཀྲེ་ཡིས་མཚམས་སྦྱོར་བྱས་ན། དམིགས་བསལ་གྱི་ས་ངོས་རྣམ་པ་དང་ཆུ་ཚའི་བརྗེ་རེས་གོ་རིམ་གྱིས་ལོ་མང་ཁེངས་སའི་ཁུལ་ནི་སའི་གོ་ལ་ཧྲིལ་པོའི་ནམ་ཟླའི་འགྱུར་ལྡོག་གི“ཚོར་སྐྱེན་ཁུལ”ལ་བཏང་བའི་ཞོར་དུ། སྐྱེ་ལྡན་དངོས་པོའི་གསོག་ཚད་དང་དྲོད་ཁང་དབུགས་གཟུགས་ཆེན་པོ་ཕྱིར་གཏོང་གི་བག་ཤུགས་ལྡན་དུ་བཅུག་ཡོད་པར་མ་ཟད། ད་དུང་ས་ཁོངས་དེ་ཉིད་ནི་སའི་གོ་ལ་ཧྲིལ་པོ་ཇེ་དྲོར་གཏོང་བའི“འདེད་སྐུལ་འཕྲུལ་ཆས”གལ་ཆེན་ཞིག་ཏུ་ཡང་བཏང་ཡོད།

        ཁྲེན་ཀྲེ་ཡིས་ཁེངས་སའི་ཁུལ་གྱི་སྐྱེ་ཁམས་མ་ལག་གི་དྭངས་གཙང་དྲོད་ཁང་ནུས་སྣང་གི་ཡུལ་དུས་ཁྱད་པར་རང་བཞིན་གྱི་ཞིབ་འཇུག་ལ་དོ་ཁུར་བྱ་དགོས་ཞེས་གྲོས་མགོ་བཏོན་པ་དང་། དཔེར་ན་ཁེངས་སའི་ཁུལ་གྱི་སའི་གོ་ལའི་བྱང་སྣེ་ཡི་སྔོ་དྲེག་ས་ཁུལ་དང་འདམ་སོལ་ས་ཁུལ། མཐོ་གྲང་སྤང་ས། མཐོ་གྲང་བྱེ་ཐང་སོགས་ཀྱི་རྩི་ཤིང་རིགས་སྣའི་ཆུ་དང་དྲོད། ས་རྒྱུ་བཅས་ཀྱི་ཆ་རྐྱེན་ཁྱད་པར་ཅུང་ཆེ་བ་ན། དྭངས་གཙང་དྲོད་ཁང་ནུས་སྣང་ནི་ཕལ་ཆེར་རྩི་ཤིང་གི་ས་རྒྱུད་རང་བཞིན་དང་བསྟུན་ནས་ཕྱིར་མངོན་ཚུལ་ལ་ཡུལ་དུས་ཀྱི་ཁྱད་པར་ངེས་ཅན་ཞིག་ཡོད།

མཚོ་སྔོན་གྱི་གངས་རི་ཞིག

        ཁྲེན་ཀྲེ་ཡིས་ཁེངས་སའི་ཁུལ་གྱི་ས་རྒྱུའི“ཐཱན-ཏན-ཆུ-དྲོད”བཅས་ཀྱི་མཐུན་འགྱུར་ནུས་པའི་འོག་གི་སྐྱེ་དངོས་ཕྲ་རབ་ཀྱི་གོ་རིམ་ཞིབ་གསལ་དུ་གཏོང་བ་ནི་དྲོད་གཤེར་ཅན་དང་དྲོད་སྐམ་ཅན་གྱི་ནམ་ཟླའི་སྣང་ཚུལ་ཁྲོད་ཀྱི་ཁེངས་སའི་དངོས་པོ་འཁོར་རྒྱུག་གི་འགག་རྩའི་གོ་རིམ་ཞིག་གསལ་བར་བྱས་པ་ཡང་ཡིན་པར་འདོད་ཡོད།

        དེ་མིན། ཁྲེན་ཀྲེ་ཡིས་ཁེངས་སའི་ཁུལ་གྱི་རྩི་ཤིང་སྐྱེ་ཁམས་མ་ལག་གི་ཐཱན་འདུས་བག་ཤུགས་དང་ཁེངས་ས་ཞན་འགྱུར་ཇེ་དལ་དུ་གཏོང་བའི་དངོས་སྤྱོད་ལག་རྩལ་གྱི་ཞིབ་འཇུག་ལ་ཤུགས་སྣོན་བྱ་དགོས་པའི་གྲོས་མགོ་ཡང་བཏོན་ཡོད། དཔེར་ན། མིའི་ཐབས་ལ་བརྟེན་ནས་རྩི་ཤིང་འཛུགས་པའི་བྱེད་ཐབས་སྤེལ་ན། ཕྱོགས་གཅིག་ནས་ཁེངས་སའི་ཁུལ་གྱི་རྩི་ཤིང་གི་ཐཱན་འདུས་བག་ཤུགས་ཇེ་མཐོར་གཏོང་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་རྩི་ཤིང་བརྒྱུད་དེ་ཚ་དྲོད་ཆེ་དུས་ཀྱི་ཁེངས་སའི་དྲོད་ཚད་ཇེ་མཐོར་འགྱུར་བ་ཇེ་དལ་དུ་གཏོང་བ་དང་། དེ་ནས་ཁེངས་ས་ཞན་འགྱུར་གྱི་འཕེལ་ཕྱོགས་ཇེ་དལ་ལ་བཏང་སྟེ་ཁེངས་སའི་ས་ངོས་བསྐྱར་སྐྲུན་མངོན་འགྱུར་ཐུབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1