༄༅། །བུད་མེད་ཚོའི་བདེ་ཐང་ཐད་ཀྱི་ཉེན་བརྡ་ཆེན་པོ་དགུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-26



1.རྐེད་པ་ན་བ། རྐེད་པ་ན་བ་ནི་ལྒང་བུའི་གཉན་ཚད་ལས་བསླངས་པའི་ནད་རྟགས་ཤིག་ཡིན་པས། ངེས་པར་དུ་སྨན་ཁང་ལ་སོང་ནས་ཁྲག་དང་གཅིན་པ་སོགས་ལ་ཞིབ་བཤེར་ནན་མོ་བྱེད་དགོས།

2.ཁོང་ཁྲོ་ལངས་སླ་བ། དེའི་རྒྱུ་མཚན་ནི་དབང་རྩའི་མ་ལག་གིས་ཨོལ་གོང་གཤེར་རྨེན་གྱི་སྐུལ་རྒྱུ་ལ་གནོད་པ་ཆེས་ཆེར་བཏང་བ་ཡིན་པས་ཁོང་ཁྲོ་ལངས་སླ་ཞིང་སེམས་འགུལ་ཐེབས་སླ་བ། ངུ་སྐྱེན་པ། གཉིད་མི་ཡོང་བ། ཟླ་མཚན་མི་སྙོམས་པ་སོགས་ཀྱི་ནད་འབྱུང་ངེས།

3.དུས་རྒྱུན་དུ་མགོ་ཡུ་འཁོར་བ། དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་ཁྲག་ཤེད་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་དུས་མཚུངས་སུ་བཟའ་བཏུང་ལ་སྙོམ་སྒྲིག་དང་ལུས་རྩལ་སྦྱོང་བརྡར་སོགས་བྱེད་དགོས།

4.ཞོགས་པར་མལ་ལས་ལངས་དུས་མིག་སྐྲངས་ཤིང་མིག་མཐའ་ནག་པོར་གྱུར་བ། གནས་ཚུལ་འདི་ནི་ཡུན་རིང་ལ་ཐང་ཆད་པ་ལས་བསླངས་པ་ཡིན་པས། ངེས་པར་དུ་སྨན་ཁང་ལ་སོང་ནས་མཁལ་མར་ཞིབ་བཤེར་ནན་པོ་བྱེད་དགོས།

5.དགོང་མོར་རྐང་བ་གཉིས་སྐྲངས་ནས་ཚོར་བ་ཉམས་ཞན་དུ་འགྲོ་བ། སྣང་ཚུལ་འདི་ནི་དལ་བའི་རང་བཞིན་གྱི་འཕར་རྩ་ཉམས་པའི་ནད་རྟགས་ཡིན་པས། ངེས་པར་དུ་སྔོ་ཚོད་མང་པོ་ཟ་བ་དང་ཞོར་དུ་རྐང་བའི་བདེ་སྲུང་གི་རྩལ་སྦྱོང་སོགས་ལེགས་པོ་བྱེད་དགོས།

6.དུས་རྒྱུན་དུ་རྐང་ལག་ལ་རྩ་འཐེན་འབྱུང་བ། སྣང་ཚུལ་འདི་ནི་འཚོ་བཅུད་ཀལ་སོགས་ཀྱིས་མ་འདང་བ་ལས་བསླངས་པ་ཡིན་པས། ནམ་རྒྱུན་འོ་མ་དང་འོ་མའི་ཐོན་རྫས། སྲོག་ཆགས་ཀྱི་ནང་ཁྲོལ། མཚོ་སྐྱེས་ཐོན་རྫས་སོགས་མང་པོ་བཟའ་དགོས།

7.རྔུལ་ཆུ་ཇེ་མང་དུ་འགྲོ་བ། སྣང་ཚུལ་འདི་ནི་ཁྲག་རྩར་གནོད་སྐྱོན་ཐེབས་པ་ལས་བསླངས་པ་ཡིན་པས། ལྷོད་འཇགས་སྨན་གྱི་ཕན་ནུས་མ་ཐོན་ཚེ། སྨན་ཁང་དུ་སོང་ནས་གསོ་བཅོས་བྱས་ན་བཟང་།

8.ལུས་ཀྱི་ལྗིད་ཚད་ལ་འགྱུར་ལྡོག་བྱུང་བ་དང་། དུས་རྒྱུན་དུ་ཁ་སྐོམ་པ། སྤྱོད་ཁང་དུ་ཡང་ཡང་འགྲོ་དགོས་པ། སྣང་ཚུལ་འདི་ནི་གཅིན་སྙི་ཟ་ཁུའི་ནད་རྟགས་དང་ཧ་ཅང་མཚུངས་པས། སྨན་ཁང་དུ་སོང་ནས་ཁྲག་ལ་བརྟག་དགོས། གལ་སྲིད་བརྟག་འབྲས་རྒྱུན་ལྡན་ཡིན་ཚེ་མངར་ཟས་དང་སྣུམ་ཟས་མ་བསྟེན་ན་བཟང་།

9.སྐྲ་ཤུད་པ། སྣང་ཚུལ་འདི་ནི་སེམས་ཁམས་ལ་གནོན་ཤུགས་ཆེ་བའམ་ཡང་ན་རྨ་ཁར་འགོས་བཙོག་བཟོས་པ་དང་བཟའ་བཏུང་གི་སྤྱོད་ཚད་མི་ལེགས་པ་སོགས་ལས་བསླངས་པ་ཡིན་པས། རྒྱུ་རྐྱེན་དངོས་ལ་དམིགས་ནས་ད་གཟོད་བབ་བསྟུན་གྱིས་གསོ་བཅོས་བྱེད་ཐབས་སྤྱད་ན་བཟང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1