བརྟན་སྐར་གྱིས་རྒྱུ་སྐར་ཁྱུར་མིད་བྱེད་པ་མཐོང་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-08


        ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་3ཉིན། རྒྱལ་སྤྱིའི་རིག་གཞུང་དུས་དེབ་གྲགས་ཅན《རང་བྱུང་》ཞེས་པས་གནམ་རིག་དཔྱད་རྩོམ་གསར་ཤོས་ཤིག་སྤེལ་ནས་འཁོད་དོན། ཨ་རིའི་ཚན་རིག་པས་ཐེངས་དང་པོར་རྒྱུ་སྐར་ཞིག་གནས་བདག་བརྟན་སྐར་གྱིས“ཁྱུར་མིད”གཏོང་བའི་བརྒྱུད་རིམ་ལ་ལྟ་ཞིབ་ཚད་ལེན་བྱས། དཔྱད་རྩོམ་དེའི་ནང་ངོ་སྤྲོད་བྱས་པར་གཞིགས་ན། བརྟན་སྐར་གྱི་ལོ་ཚད་འཕར་བ་དང་བསྟུན་ནས། དེ་ཚོ་སྐར་མ་ཆེན་པོ་ཞིག་ཏུ་འགྱུར་གྱི་ཡོད་པ་དང་། རིགས་པའི་གཞུང་ལུགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། སྐར་མ་ཆེན་པོ་དེ་རིགས་ཀྱིས་ཉེ་འགྲམ་དུ་འཁོར་བའི་རྒྱུ་སྐར་ཁྱུར་མིད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། ཞིབ་འཇུག་མི་སྣས་སྔོན་ལ་བརྒྱུད་རིམ་འདི་མཐོང་མ་མྱོང་། ཐེངས་འདིར་སྤེལ་བའི་ཞིབ་འཇུག་གསར་པ་ཞིག་གིས་དགུ་ཚིགས་ཁྱིམ་རྒྱུད་ཀྱི་དངུལ་སྡེར་གྱི་འགྱེད་འཕྲོ་ཐེངས་ཤིག་བྱུང་བའི་འཚོལ་ཞིབ་མཇུག་འབྲས་ཞིབ་བརྗོད་བྱས་ཡོད་པ་དང་། ཡང་ན་བརྟན་སྐར་གྱིས་འཁོར་སྐྱོད་བྱེད་པའི་རྒྱུ་སྐར་ག་གེ་མོ་ཁྱུར་མིད་བྱེད་པའི་ཐད་ཀའི་དཔང་རྟགས་ཤིག་བྱེད་ཐུབ་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1