ཐུར་ཁེའི་ཙུང་ཐུང་གིས་ཨ་རིའི་གྲོས་འགོ་འདི་དང་ལེན་མ་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-10


     ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཆཱ་ཝུའུ་ཧྲེ་ཨའོ་ལུའུ་ཡིས་ཟླ་5ཚེས་7ཉིན། ཨུ་རུ་སུས་བཟོས་པའིS-400མཁའ་ཟོན་འཕུར་མདེལ་མ་ལག་བེད་སྤྱོད་བྱེད་དབང་ཡུག་ལེན་ལ་མཁོ་འདོན་བྱ་རྒྱུའི་ཨ་རིའི་གྲོས་འགོ་དེ་ཐུར་ཁེ་ཕྱོགས་ཀྱིས་དང་ལེན་བྱས་མེད་ཅེས་བཤད་པ་རེད། 

     ཆཱ་ཝུའུ་ཧྲེ་ཨའོ་ལུའུ་ཡིས་བཤད་དོན། ཨ་རི་ཕྱོགས་ཀྱིས་གྲོས་འགོའི་ནང་ཐུར་ཁེ་ཕྱོགས་ཀྱིས་མཁའ་ཟོན་མ་ལག་དེ་སྤྱོད་དུ་འཇུག་རྒྱུ་དང་འབྲེལ། སྤྱོད་དབང་ཡུག་རེན་ཕྱོགས་ལ་སྤྲོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཐུར་ཁེ་ཡིས་“རང་ཉིད་ཀྱི་བདག་དབང་དང་རང་བཙན་ལ་ཐད་ཀར་འཇིགས་སྐུལ་བྱེད་པའི་”རེ་བ་དེ་རིགས་དང་ལེན་བྱས་མེད། ཁོང་གིས་ཐུར་ཁེ་ཕྱོགས་ནས་རང་སའི་དམག་འཐབ་གནམ་གྲུ་ཞིབ་འཇུག་དང་གསར་བཟོ་བྱེད་པར་གཞོལ་བཞིན་ཡོད་པས། ཨ་རིའི་F-35རྟགས་ཅན་གྱི་དམག་འཐབ་གནམ་གྲུར་“སྣང་བ་མི་འདུག་”ཅེས་ཀྱང་བཤད་པ་རེད། 

     དེའི་གོང་ལ་ཐུར་ཁེ་ཡིས་ཨུ་རུ་སུའི་S-400མཁའ་ཟོན་འཕུར་མདེལ་མ་ལག་ཉོས་པས། 2020ལོར་སླེབས་སྐབས་ཨ་རིས་ཐུར་ཁེའི་རྒྱལ་སྲུང་བཟོ་ལས་ལ་བཀག་སྡོམ་བྱས་པ་དང་འབྲེལ། “ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་འཇིགས་སྐུལ་བྱེད་པ་”རྒྱུ་མཚན་དུ་བྱས་ནས་ཐུར་ཁེར་F-35རྟགས་ཅན་གྱི་དམག་འཐབ་གནམ་གྲུ་མཁོ་འདོན་བྱ་རྒྱུ་ཁས་མ་བླངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1