མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་འདིར་འབོད་སྐུལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-16


        ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་14ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐའེ་ལི་སིས་མགྲིན་ཚབ་པ་བརྒྱུད་ནས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་དམག་འཐབ་རྩ་འཛུགས(ཅེ་ཧ་ཏེ)ཀྱིས་ཚེས་13ཉིན་བཞག་པའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་དགའ་བསུ་ཞུས་པ་རེད། ཀུའུ་ཐའེ་ལི་སིས་ཨེ་ཅིབ་ཀྱིས་འདུམ་འགྲིག་གི་ཐད་དུ་བཏོན་པའི་གནད་འགག་གི་ནུས་པར་བསྟོད་བསྔགས་བྱས་པ་མ་ཟད། ཕྱོགས་སོ་སོས་དམག་མཚམས་འཇོག་པའི་གྲོས་མཐུན་ལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

        གསལ་བསྒྲགས་ནང་ད་དུང་ཐེངས་འདིའི་གདོང་ཐུག་ཁྲོད་ཀྱི་གནོད་འཚེ་ཕོག་མཁན་ལ་མྱ་ངན་ཞུས་ཤིང་། དགྲར་འཛིན་བྱ་སྤྱོད་ཀྱིས་མིའི་རིགས་ལ་དགོས་མེད་ཀྱི་སྡུག་བསྔལ་བཟོས་པ་བརྗོད་ཡོད། ཀུའུ་ཐའེ་ལི་སིས་གྲོས་མོལ་བྱས་ནས་གྲོས་མཐུན་བྱུང་བའི་རྒྱུན་མཐུད་ཐུབ་པའི་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་ཁོ་ནར་བརྟེན་ན། གཞི་ནས་ཡུན་རིང་ཞི་བདེ་ཡོང་ཐུབ་པ་དང་རྨེག་མེད་དུ་གཏོང་བའི་དྲག་ཤུགས་ཀྱི་འཁོར་རྒྱུག་དེ་དག་རྦད་དེ་མཇུག་བསྒྲིལ་ཐུབ་ཅེས་བསྐྱར་བསྒྲགས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1