ཞིང་ཆེན་ཏང་ཨུའི་སྐོར་ཞིབ་སྐོར་གྱི་སྐུལ་འདེད་ཚོགས་ཆེན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-17


        སྤྱི་ཟླ5པའི་ཚེས9ཉིན་ལ་སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུའི་རེས་སྐོར་དང་པོའི་སྐོར་ཞིབ་ལས་ལན་བསློགས་གནད་དོན་དག་ཐེར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་གནོན་ཤུགས་སྔར་བས་བརྒྱུད་སྤྲོད་དང་འགན་འཁྲི་སྔར་བས་ཏན་ཏིག། རྣམ་འགྱུར་སྔར་བས་བརྟན་པོ་དང་བྱ་ཐབས་སྔར་བས་ནུས་ལྡན་གྱི་སྒོ་ནས་དག་ཐེར་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཞུགས་པ་རེད།

        ཚོགས་འདུར་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པར་སྐོར་ཞིབ་ལས་དོན་ལ་བཀོད་སྒྲིག་གསར་པ་བྱས་ནས་ཆབ་སྲིད་སྐོར་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་པ་དང་སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་རྒྱག་དགོས་པའི་ནན་པོར་བསྟན་ཡོད། ཞིང་ཆེན་ཏང་ཨུས་སྐོར་ཞིབ་བྱེད་ཐེངས་དང་པོར་མཐོང་ཆེན་བྱས་ཤིང་། དག་ཐེར་ཡོ་བསྲང་ལས་དོན་ལ་བླང་བྱ་གསལ་པོ་བཏོན་ཡོད། སྐོར་ཞིབ་བྱ་ཡུལ་རྫོང12ཀྱིས་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་བཞིན། བྱ་        སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་ནས་སྐོར་ཞིབ་དག་ཐེར་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”བྱེད་ཐུབ་མིན་ཉམས་སད་དུ་བརྩིས་ནས་དག་ཐེར་བྱ་ཐབས་ཐད་སླར་ཡང་ཤུགས་རྒྱག་པ་དང་དག་ཐེར་འཕེལ་རིམ་ཐད་མྱུར་ཚད་སླར་ཡང་མགྱོགས་སུ་བཏང་ནས་གནད་དོན་ཞིབ་བཤེར་གསལ་པོ་བྱེད་པ་དང་འགན་འཁྲི་བདའ་འདེད་བྱེད་པ། དག་ཐེར་མཐར་ཕྱིན་པ་མ་བྱེད་ན་མི་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཏང་ཨུ་ལ་བློ་ཡིད་ཚིམ་པའི་རྒྱུགས་ཡིག་འབུལ་དགོས།

        ཚོགས་འདུར་ཕྱོགས་ཡོངས་ནས་དག་ཐེར་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་གཏང་དགོས་ཤིང་། ཁྱོན་ཡོངས་ལ་ཁྱབ་པ་དང་ཆད་ལུས་མེད་པའི་བླང་བྱ་ལྟར་རེ་རེ་བཞིན་ཞིབ་བསྡུར་དང་དོན་འཁྱོལ་བྱས་ཏེ་ལོ་རྒྱུས་ཀྱི་ཤུལ་བཞག་དང་ཡུན་རིང་རང་བཞིན་གྱི་གནད་དོན་ཐད་ངེས་པར་དུ་སེམས་ཐག་བཅད་ནས་དག་ཐེར་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས་པ་ལས་སྟེས་དབང་གི་བསམ་པ་དང་གཡོ་ཟོལ་སླ་བཅོས་གཏན་ནས་བྱེད་མི་རུང་། རེས་སྐོར་གོང་མའི་སྐོར་ཞིབ་ཀྱི་ལན་བསློགས་གནད་དོན་ལ་དམིགས་ཏེ་གཅིག་སྡུད་འགག་སྒྲོལ་དང་འགན་ཁྱེར་ལྟ་སྐུལ་བྱས་ཏེ་ལོ་འདིའི་ནང་ངེས་པར་དུ་ཁྱོན་ཡོངས་ནས་བཅོས་སྒྲིག་བྱ་དགོས་པའི་བླང་བྱ་བཏོན།

        ཚོགས་འདུར་ནན་བཤད་བྱས་དོན། སྐོར་ཞིབ་བྱ་ཡུལ་རྫོང་ཨུས་མ་སྐུལ་དང་བླངས་ཀྱིས་བྱེད་པོའི་འགན་འཁྲི་འཁུར་དགོས་པ་དང་།ཏང་ཨུས་སྐོར་ཞིབ་དག་ཐེར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དངོས་སུ་དག་ཐེར་ཡོ་བསྲང་བྱ་ཐབས་ལ་ཞིབ་འཇུག་དང་དངོས་སུ་གནད་དོན་དག་ཐེར་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་གཏང་དགོས། སྐོར་ཞིབ་བྱས་མེད་པའི་རྫོང(གྲོང་ཁྱེར)ཏང་ཨུས་གནད་དོན་དང་ཞིབ་བསྡུར་བྱས་ཏེ་ཟུར་བསྟན་ལེབ་མཐོང་དང་། རང་བཤེར་རང་བཅོས། སྐོར་གཡེང་སྔོན་བཅོས་བཅས་བྱ་དགོས། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་བརྒྱབ་ནས་འབྲེལ་གཏུག་རྫོང(གྲོང་ཁྱེར)ལ་གནད་དོན་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏང་དགོས། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་ལེན་བསྟར་ནས་རང་འགུལ་ངང་ངོས་འཛིན་རྩིས་ལེན་དང་སྣེ་ཁྲིད་ནས་བཅོས་སྒྲིག་བྱ་དགོས། ཁུལ་རིམ་པའི་སྡེ་ཚན་གྱིས་རྫོང(གྲོང་ཁྱེར)ཁག་ལ་ཁོངས་གཏོགས་དེ་གའི་ཐུན་མོང་རང་བཞིན་གྱི་གནད་དོན་བཅོས་སྒྲིག་བྱ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱ་དགོས། སྒྲིག་བཤེར་ལྟ་ཞིབ་དང་རྩ་འཛུགས་སྡེ་ཁག་གིས་རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་བརྒྱབ་སྟེ།ལས་ཀ་མི་སྒྲུབ་པ་དང་འགོར་སྒྲུབ་ཀྱི་གནད་དོན་ལ་འགན་འཁྲི་བདའ་འདེད་ནན་པོར་བྱ་དགོས་པ་དང་།དུས་ཐོག་ཏུ་འབྲེལ་ཡོད་ཆེད་དོན་བཅོས་སྐྱོང་སྤེལ་དགོས་ཤིང་། ལན་བསློགས་གནད་དོན་མཐའ་གཅིག་ཏུ་དག་ཐེར་ཡོ་བསྲང་དང་དག་ཐེར་ཡོ་བསྲང་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏང་དགོས།

        ཚོགས་འདུར་ཞིང་ཨུའི་སྐབས་བཅུ་གཉིས་པའི་རེས་སྐོར་དང་པོའི་སྐོར་ཞིབ་ལས་ལན་བསློགས་པའི་གནད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་བཏང་ཚུལ་བརྡ་ཁྱབ་བཏང་བ་དང་། དཔལ་ཡུལ་དང་སྡེ་དགེ སེར་ཤུལ། རྟའུ་བཅས་ཀྱི་རྫོང་ཨུའི་འགན་འཁུར་བློ་མཐུན་རྒན་པས་གཏམ་བཤད་བྱས་པ་རེད།

        འབྲེལ་ཡོད་ཁུལ་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་བློ་མཐུན། རྫོང(གྲོང་ཁྱེར)ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་སྒྲིག་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1