མཛོད་དགེ་རྫོང་མེ་གསོད་རུ་ཆེན་གྱིས་མུ་འབྲེལ་དྲིལ་སྒྲོག་བྱེད་སྒོ་སྤེལ།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-17


        ཟླ5པའི་ཚེས6ནས12ཉིན་གྱི་བར་ནི་རྒྱལ་ཡོངས་གནོད་འགོག་རྒུབ་སྐྱོབ་དྲིལ་སྒྲོག་གཟའ་འཁོར་ཡིན་པས།  མཛོད་དགེའི་མེ་གསོད་རུ་ཆེན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས།  མངའ་ཁོངས་ཀྱི་སྲང་ལམ་དུ་གནོད་འཚེའི་ཉེན་ཁར་བག་ཟོན་གྱིས་སྤུས་ལེགས་འཕེལ་རྒྱས་ལ་སྲུང་སྐྱེལ་བྱེད་ཅེས་པའི་གནོད་འགོག་རྒུབ་སྐྱོབ་དྲིལ་སྒྲོག་བྱེད་སྒོ་སྤེལ།  རུ་ཆེན་གྱི་དྲིལ་སྒྲོག་པས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་གྱིས་འགྲོ་འོང་མང་ཚོགས་ལ་སྒྲོག་ཤོག་བཀྲམ་པ་དང་།  བོད་རྒྱ་སྐད་གཉིས་ཀྱིས་ངང་རྒྱུད་རིང་བོས་སྡོད་དམངས་ཀྱི་འཚོ་བའི་ཁྲོད་ཀྱི་མེ་གསོད་བདེ་འཇགས་སྐོར་གྱི་དོགས་གཞིར་འགྲེལ་ལན་གསལ་བོ་སྟེར་ཏེ།  མེ་འགོག་བདེ་འཇགས་ཀྱི་རྒྱུན་ཤེས་དང་རང་སྐྱོབ་བྱེད་ཐབས་ཁོང་དུ་ཆུད་དུ་བཅུག་ནས།  མང་ཚོགས་ཀྱི་མེ་འགོག་བདེ་འཇགས་འདུ་ཤེས་དང་གནོད་འཚེའི་བག་ཟོན་འདུ་ཤེས་ཇེ་ཆེར་བཏང་།

        རུ་ཆེན་གྱི་དྲིལ་སྒྲོག་པས་དཔེར་མཚོན་གྱི་མེ་སྐྱོན་ལ་བརྟེན་ཏེ།  ཉེ་བའི་ལོ་ཤས་རིང་བཟོ་བཀོད་འཛུགས་སྐྲུན་ཁྲོད་དང་མགྲོན་ཁང་བདག་གཉེར་ཁྲོད།  སློབ་གྲྭའི་སློབ་སྒྲུབ་ཁྲོད་བཅས་སུ་བྱུང་བའི་མེ་སྐྱོན་གྱི་ཁྱད་ཆོས་དབྱེ་ཞིབ་སྒོས།  ཇི་ལྟར་མེ་འགོག་བདེ་འཇགས་ཀྱི་རྐང་འཛིན་ལས་འགན་དང་རྒྱུན་ལྡན་གྱི་བདེ་འཇགས་དོ་དམ་ཚད་ལྡན་དུ་གཏོང་བ་དང་།  ཇི་ལྟར་མེ་སྐྱོན་གྱི་བག་ཉལ་རྐྱེན་ངན་རིམ་བཤེར་དང་གཙོ་གནད་འབུར་ཐོན་གྱིས་རང་བཤེར་དམ་འཛིན་བྱེད་པ།  ཇི་ལྟར་མེ་འགོག་ཡོ་ཆས་རྒྱུན་ལྡན་ལྟར་བཀོལ་སྤྱོད་ཐུབ་མིན་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་ནང་དོན་འགྲེལ་བཤད་ཞིབ་མོར་གནང་།

        རུ་ཆེན་གྱི་དྲིལ་སྒྲོག་པས་གནས་སོ་སོའི་ཁྱད་ཆོས་དང་འབྲེལ་ཏེ་གནས་སོ་སོའི་སྲོག་ཐར་ཇུས་གཞི་བཟོ་བར་རམ་འདེགས་སྒོས།  གཙོ་བོ་གནས་སོ་སོར་མེ་སྐྱོན་ཐོག་མར་འབྱུང་སྐབས་ཀྱི་མེ་གསོད་ཐབས་ལམ་དང་སྲོག་ཐར་བྱེད་ཐབས།  མེ་གསོད་ཡོ་ཆས་འདེམས་ཚུལ་བཅས་འགྲེལ་བཤད་གནང་བ་དང་།  ཡུལ་དངོས་སུ་མེ་གསོད་ཡོ་ཆས་བཀོལ་སྤྱོད་ཀྱིས་ཐོག་མའི་དུས་སྐབས་ཀྱི་མེ་སྐྱོན་སེལ་ཐབས་ལེགས་པར་བསྟན་ནས།  གནས་སོ་སོའི་འགན་འཁུར་བར་མེ་གསོད་ཡོ་ཆས་ཀྱིས་མེ་གསོད་ཐབས་ལེགས་པར་ཁྲིད་དེ། མེ་སྐྱོན་འབྱུང་སྐབས་གནས་སོ་སོའི་འགན་འཁུར་བས་ཇི་ལྟར་རང་སྐྱོབ་དང་། ཕན་ཚུན་རོགས་སྐྱོབ་བྱེད་པའི་འདུ་ཤེས་སྔར་ལས་ཇེ་ཆེར་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1