རྔ་བ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི2023ལོའི་ཚན་རིག་དང་མཐུན་པའི་ཁྱིམ་ཚང་སློབ་གསོའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་མཛོད་དགེར་སྤེལ།

དཔལ་མགོན། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-22


        རྒྱ་ཆེའི་ཁྱིམ་ཚང་ལ་ཁྱིམ་ཚང་སློབ་གསོའི་ལྟ་བ་བསྐྲུན་ཞིང་ཤེས་བྱ་ཁྱབ་གདལ་གཏོང་བར་རོགས་རམ་སྒོས།  ཚན་རིག་དང་མཐུན་པའི་ཁྱིམ་ཚང་སློབ་གསོའི་ཐབས་ལམ་ཁོང་དུ་ཆུད་ཅིང་།  རྫོང་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་ཆུ་ཚད་ཇེ་མཐོར་བཏང་སྟེ།  ཁྱིམ་སྲོལ་གང་ལེགས་བསྐྲུན་ཆེད།  ཟླ5པའི་ཚེས16ཉིན།  རྔ་བ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི2023ལོའི་མཛེས་པའི་མེ་ཏོག་རྔ་བར་བཞད་ཅིང་ཁྱིམ་ཚང་ཐམས་ཅད་བདེ་ཞིང་སྐྱིད་ཅེས་པའི་ཚན་རིག་དང་མཐུན་པའི་ཁྱིམ་ཚང་སློབ་གསོའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་མཛོད་དགེ་རྫོང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་དུ་སྤེལ།

        བྱེད་སྒོར་དགེ་རྒན་གྱིས་ཨེར་ནད་འགོག་བཅོས་དང་སྐྱེས་མའི་སེམས་ཁམས་བདེ་ཐང་།  ཆགས་སྤྱོད་སློབ་གསོ། མོ་ནད་འགོག་བཅོས་སོགས་ལ་དམིགས་ཏེ།  མཛའ་བརྩེ་ལྡན་པར་བྱིས་པ་རྣམས་ལ་ལང་ཚོའི་དུས་སྐབས་ཀྱི་ཕུང་བོའི་གསང་བ་བཤད་ནས།  བྱིས་པ་རྣམས་ལ་སྒེར་གྱི་གཙང་སྦྲའི་གོམས་གཤིས་བཟང་བོ་ཆགས་སུ་བཅུག་པ་དང་།  བཞད་གད་སློང་བའི་གཏམ་དང་གསོན་ཉམས་ལྡན་པའི་དཔེ་དོན་ལམ་ནས།  སློབ་གྲོགས་རྣམས་ལ་སྐྱེ་ཁམས་ཀྱི་གཙང་སྦྲའི་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ།  སློབ་གྲོགས་རྣམས་རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་བ་དང་པོ་བྱེད་པར་གསལ་འདེབས་གནང་།

        ཐེངས་འདིའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོས་ཡ་རབས་དང་དཔལ་ཡོན་ལྡན་པའི་འཚོ་བའི་འདུ་ཤེས་དང་འཚོ་བ་སྐྱེལ་ཐབས་འདོན་སྤེལ་སྒོས།  སློབ་གྲོགས་སྐྱེས་མ་རྣམས་ཀྱི་རང་ཉིད་བདེ་སྲུང་དང་རང་ཉིད་སྲུང་སྐྱོང་ནུས་པ་ཇེ་ཆེར་བཏང་སྟེ།  སློབ་གྲོགས་སྐྱེས་མ་རྣམས་ཀྱིས་རང་སྟོབས་རང་སྤེལ་བྱེད་པར་རོགས་རམ་སྒོས།  ཧུར་སེམས་ཆེ་ལ་བདེ་ཐང་ལྡན་ཞིང་གསོན་ཤུགས་རྒྱས་པའི་དུས་རབས་གསར་བའི་བུད་མེད་མཛངས་མ་ཞིག་ཏུ་འགྱུར་བར་སྐུལ་འདེད་ནུས་པ་གལ་ཆེན་བཏོན།

        རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་གི་སློབ་མ། སྐལ་བཟང་ལྷ་མོ། དེ་རིང་དགེ་རྒན་བསྟན་འཛིན་སྒྲོལ་མ་ངེད་སློབ་གྲྭར་ཕེབས་ཏེ་སྐྱེས་མའི་སེམས་ཁམས་བདེ་ཐང་དང་། གློ་བའི་འདུས་འདྲིལ་གཅོང་ནད། ཨེར་ནད་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་གང་ལེགས་བྱས། འཆད་ཁྲིད་ཁྲོད་ང་ཚོ་དང་བསམ་བློ་བརྗེ་རེས་བྱས་པས་སྤྲོ་སྣང་འཕེལ། རང་ཁྱིམ་དུ་ལོག་རྗེས་ངས་ཕ་མ་དང་ཁྱིམ་མི་ཚོར་འབྲེལ་ཡོད་ཤེས་བྱ་འཆད་རྒྱུ་ཡིན།

        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོར་བོད་ཁུལ་གྱི་བུད་མེད108ཀྱི་སྟོབས་ཤུགས་ཀྱི་མཚན་སྙན་ལྡན་མཁན་དང་། རྔ་བ་ཁུལ་དག་ཞིང་གི་དཔྱིད་དཔལ་ཞེས་པའི་བུད་མེད་སྒྲོག་འགྲེལ་ཞབས་ཞུ་ཚོགས་པའི་ཁོངས་མི་དགེ་རྒན་བསྟན་འཛིན་སྒྲོལ་མ་ཆེད་དུ་གདན་དྲངས་ཤིང་།  བསྡོམས་པའི་དགེ་སློབ1380བྱེད་སྒོར་ཞུགས། རྗེས་སོར་མཛོད་དགེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོན་ཁུངས་སྤུས་ལེགས་སྣ་ཚོགས་མུ་མཐུད་དུ་སྡེབ་སྒྲིལ་བྱས་ཏེ། སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། རྒྱལ་གཅེས་ཁྱིམ་གཅེས་དང་ཡར་བརྩོན་དགེ་སྤེལ་གྱི་ཁོར་ཡུག་ལེགས་པོ་བསྐྲུན་ཞིང་།  སྤྱི་ཚོགས་ཡོངས་ནས་གཞོན་ནུར་དོ་ཁུར་བྱེད་པའི་སྤྱི་ཚོགས་ཁོར་ཡུག་གང་ལེགས་བསྐྲུན་ཏེ། གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱེལ་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1