མཛོད་དགེ་རྩྭ་ཐང་བརླན་སའི་ཆུ་ཁུངས་གསོ་སྐྱོང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལས་གཞིར་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-29


        སི་ཁྲོན་ནི་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་ཁུལ་གལ་ཆེན་36གྲས་ཀྱི་གཅིག་ཡིན་ལ། ན་ནིང་ལོ་མཇུག་བར་དུ་རིམ་པ་མཐོ་བའི་སྐྱེ་དངོས་རིགས་14000ཡོད་པ་དེས་རྒྱལ་ཡོངས་སྤྱི་གྲངས་ཀྱི་གསུམ་ཆའི་གཅིག་ཡན་ཟིན་ཞིང་། རི་སྐྱེས་སྒལ་ཚིགས་སྲོག་ཆགས་རིགས་1400ཡོད་པ་དེས་རྒྱལ་ཡོངས་སྤྱི་གྲངས་ཀྱི་45%ཡན་ཟིན་ཡོད། དེ་ལས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས་མི་འདྲ་བ་303ཡོད་པའི་གྲངས་ཀད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད།

        

        ཉེ་ཆར། སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་མཉམ་འབྲེལ་སྒོས་རྔ་བ་ཁུལ་གཙོ་གནད་ཁྱབ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཆེད་དོན་མ་དངུལ་སྒོར་ཁྲི་8154བཏང་ནས། མཛོད་དགེ་ས་ཁུལ་གྱི་རྩྭ་ཐང་བརླན་སའི་ཆུ་ཁུངས་གསོ་སྐྱོང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི(2022—2025)ཐད་སྤྱད་པ་རེད། ལས་གཞི་འཕེལ་ཚད་ཇེ་མགྱོགས་སུ་བཏང་བས་ཞན་འགྱུར་རྩྭ་ཐང་སླར་གསོ་དང་ནགས་ཚལ་སྐྱེ་ཁམས་མ་ལག་སླར་གསོ་སོགས་ཀྱི་རྣམ་གྲངས་རབ་དང་རིམ་པ་རིམ་བཞིན་ལས་མགོ་ཚུགས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1