མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་སྐྱོང་དྲིལ་སྒྲོག་རི་མགོར་བསྐྱལ།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-29


        ཟླ5པ་ནི་དབྱར་རྩྭ་དགུན་འབུ་རྐོ་བའི་རྫོགས་ལྡན་དུས་སྐབས་སུ་ཁེལ་བས།  ནུས་ལྡན་ངང་རི་གསུམ་དང་མཚམས་གཅིག་གི་རྩོད་གཞི་དང་།  མང་ཚོགས་རང་བཞིན་གྱི་དོན་རྐྱེན་དང་བདེ་འཇགས་དོན་རྐྱེན་བཅས་འབྱུང་བར་ལེགས་པར་གཡོལ་ཆེད། ཟླ5པའི་ཚེས19ཉིན།  རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་སྐྱོང་སྒྲོག་འགྲེལ་བ་དང་ཁྲིམས་རྩོད་པ་རྩ་འཛུགས་བྱས་ཏེ།  མཛོད་དགེ་དང་ཟུང་ཆུའི་ས་མཚམས་ཏེ་བབ་བཟོ་ཡུལ་ཚོའི་དབྱར་ཁའི་ཕྱུགས་རའི་དབྱར་རྩྭ་དགུན་འབུ་རྐོ་ཡུལ་དུ་བསྐྱོད་ནས།  རོང་འབྲོག་མང་ཚོགས་ལ་རྩྭ་རི་དང་སྨན་རིའི་སྐོར་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་གནང་།

        ཐེངས་འདིའི་སྒྲོག་འགྲེལ་ཁྲོད་གཙོ་བོ་རྩྭ་རི་དང་སྨན་རིར་འཛེག་སྐབས་ཀྱི་མཉམ་འཇོག་བྱེད་ཡུལ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བཅའ་ཁྲིམས།  གློག་འཕྲིན་མགོ་སྐོར།  མི་རིགས་མཐུན་སྒྲིལ།  དུག་འགོག་ཤེས་བྱ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་གནང་།   མང་ཚོགས་དང་དངོས་སུ་འབྲེལ་འདྲིས་དང་གནད་སོ་སོར་གསལ་འདེབས་སྒོས།  གོ་སླ་ཞིང་དོན་འདུས་པའི་སྒོ་ནས་དོན་དངོས་ཀྱི་གྱོད་དཔེ་དང་འབྲེལ་ཏེ།  མཚམས་བརྒལ་འབུ་རྐོ་དང་རྐུ་རྐོ།  མང་རུབ་ཟིང་སློང་།  དུད་ནག་འཐེན་པ།  དབྱར་རྩྭ་དགུན་འབུ་ཉོ་ཚོང་གི་ཐམ་མེད་ཡི་གེ་འགོད་པ་སོགས་སྤྱོད་ཚུལ་གྱི་ཁྲིམས་འགལ་རང་བཞིན་དང་གནོད་འཚེ་རང་བཞིན་གསལ་བོར་བཤད་དེ།  མང་ཚོགས་ཀྱིས་ཁྲིམས་ལྟར་ས་མཚམས་སྲུང་ཞིང་འབུ་རྐོའི་སྒྲིག་ལམ་སྲུང་བ།  ཁྲིམས་མཐུན་བདག་གཉེར་དང་ཁྲིམས་ལྟར་རེ་འདུན་ཡར་ཞུ་བཅས་བྱས་ཏེ།  བཅའ་ཁྲིམས་ཀྱིས་རྩོད་གཞི་ཐག་གཅོད་པར་ཁྲིད་སྟོན་སྒོས།   དུས་རབས་གསར་བའི་དམངས་ཡོངས་ཀྱི་ཁྲིམས་སྲུང་ཁྲིམས་སློབ་དང་ཁྲིམས་སྤྱོད་བཅས་ཀྱི་ཕན་འབྲས་རང་བཞིན་ཇེ་ཆེར་བཏང་།

        སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བརྒྱུད།  མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་ལས་ཇེ་ཆེར་བཏང་སྟེ། མང་ཚོགས་ཀྱི་སྒེར་གྱི་བདེ་འཇགས་འདུ་ཤེས་ཇེ་ཆེར་བཏང་ནས།  ཁྲིམས་སྐྱོང་དང་བདེ་འཇགས།  འཆམ་མཐུན་བཅས་ཀྱི་འབུ་རྐོ་དུས་ཚིགས་བཟང་བོ་བསྐྲུན་པར་འགན་ལེན་བརྟན་པོ་འདོན་སྤྲོད་གནང་།  ཐེངས་འདིའི་བྱེད་སྒོར་སློབ་གསོ་ཐེབས་པའི་མི་ཐེངས30ལྷག་ཡོད་ལ། མི་ཐེངས2ཀྱི་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་པ། ཁྲིམས་འགྲེལ་གྱོད་དཔེའི་འདེམས་བསྒྲིགས་དཔེ་ཆ30ལྷག་དང་རིགས་འདྲ་མིན་གྱི་ཁྲིམས་གདལ་ཐོན་རྫས40ལྷག་བཀྲམ་པ།  ཐེངས་འདིའི་བྱེད་སྒོར་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་བོ་ཐོབ་པས། ཚང་མས་བཅའ་ཁྲིམས་ནན་སྲུང་གིས་རྩྭ་རི་དང་སྨན་རིའི་གཏན་འབེབས་སོ་སོ་བརྩི་སྲུང་སྒོས།  འབུ་རྐོ་སྒྲིག་ལམ་སྲུང་བ་དང་བཙན་ཤེད་ཀྱི་ཉོ་ཚོང་མི་སྤེལ་བར།  ཁྲོམ་རིའི་སྒྲིག་ལམ་ནན་སྲུང་གིས་ཆོད་སེམས་བརྟན་པོས། ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་གིས་འཆམ་མཐུན་ལ་སྐུལ་འདེད་བྱེད་རྒྱུ་ཡིན་པར་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1