ཕུའུ་ཅིང་གིས་མིང་རྟགས་བཀོད་ནས་མེད་པར་བཟོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-01



        ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་29ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས《ཡོ་རོབ་ཀྱི་རྒྱུན་གཏན་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག》མེད་པར་བཟོ་རྒྱུའི་ཁྲིམས་དོན་གྲོས་གཞིར་མིང་རྟགས་བཀོད་པ་རེད།

        བྱང་ཆིངས་དང་ཧྭ་ཆིངས་གཉིས་ཀྱིས་1990ལོར《ཡོ་རོབ་ཀྱི་རྒྱུན་གཏན་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག》ལ་མིང་རྟགས་བཀོད་པ་དང་། ཆིངས་ཡིག་ནང་དམག་དོན་ཚོགས་པ་ཆེ་གྲས་གཉིས་ཀྱི་རྒྱུན་ལྡན་མཚོན་ཆ་སྣ་ཚོགས་ཀྱི་སྤྱི་འབོར་དང་ཞིབ་བསྡུར་བྱེད་སྟངས་སོགས་གཏན་འབེབས་བྱས་པ་རེད། ཧྭ་ཆིངས་ཐོར་ཞིག་དང་སུའུ་ལེན་ཐོར་ཞིག་ཏུ་སོང་རྗེས།1999ལོར་ཡོ་རོབ་ཀྱི་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་འགོ་གཙོའི་གྲོས་ཚོགས་ཐོག《ཡོ་རོབ་ཀྱི་རྒྱུན་གཏན་དྲག་དཔུང་སྟོབས་ཤུགས་ཀྱི་ཆིངས་ཡིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གྲོས་མཐུན》ལ་གྲོས་འཆམ་བྱུང་བས། ཨུ་རུ་སུས་2004ལོར་གྲོས་མཐུན་དེར་ཆོག་མཆན་སྤྲད་མོད། འོན་ཀྱང་བྱང་ཆིངས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཆོག་མཆན་སྤྲད་མེད། བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་ཤར་ཕྱོགས་སུ་རྒྱ་སྐྱེད་བཏང་བར་བརྟེན། ཨུ་རུ་སུ་ཕྱོགས་ཀྱིས་2007ལོར《ཡོ་རོབ་ཀྱི་རྒྱུན་གཏན་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག》གནས་སྐབས་ལག་བསྟར་བྱེད་མཚམས་བཞག་པ་རེད།

        ཚེས་29ཉིན་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས།《ཡོ་རོབ་ཀྱི་རྒྱུན་གཏན་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག》དེ་གསོན་ཤུགས་མེད་པའི་ལམ་སྲོལ་ཞིག་ཏུ་གྱུར་པ་དང་འབྲེལ་འཁོར་སྐྱོད་བྱེད་མཚམས་བཞག་པས་ནོར་འཁྲུལ་དེ་ཨུ་རུ་སུ་ཕྱོགས་ལ་མེད། ཆིངས་ཡིག་དེ་ཨུ་རུ་སུས་མེད་པར་བཟོས་ན་ཡོ་རོབ་ཏུ་ཐད་ཀའི་མཇུག་འབྲས་ཐོན་མི་སྲིད་མོད། འོན་ཀྱང་དམག་དོན་ཚོད་འཛིན་ཁྱབ་ཁོངས་སུ་གནད་མེད་ཀྱི་ས་རྒྱུད་ངེས་ཅན་ཞིག་ཐོན་སྲིད། གཞན་ཡང་དམག་དོན་ཚོད་འཛིན་དང་འཛམ་གླིང་གི་འཐབ་ཇུས་བརྟན་ལྷིང་ཁྱབ་ཁོངས་ཀྱི་སྟོང་ཆ་གང་མགྱོགས་གསབ་དགོས་པས། ཨུ་རུ་སུས་རྒྱལ་ཁབ་རབ་དང་རིམ་པ་དང་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1