ཚན་རིག་གོང་དུ་བཀུར། བྱིས་པའི་ཕུགས་འདུན་གཏོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-01


        རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོ་དང“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་ལྷ་ཡུལ་ཤང་སློབ་ཆུང་དུ་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་སློབ་གྲྭར་ཚན་རྩལ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། སློབ་མ་ཚོས་སྤྲོ་སྣང་ཆེན་པོ་དང་འཚང་ཁ་ཤིག་ཤིག་ངང་འགྲེམས་རྫས་ཀྱི་ཚན་རིག་གི་རྩ་བའི་རིགས་པར་རྒྱུས་མངའ་ལོན་པ་དང་འབྲེལ་ལག་ལེན་བཀོལ་སྤྱོད་བྱས་ཤིང་། འདི་ནི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སློབ་ཆུང་གི་སློབ་མས་སྒྲིག་སྦྱོར་བྱས་ཟིན་པའི་འགྱིག་ཐག་གི་སྒུལ་ཤུགས་འཁོར་ལོ་ཚོད་ལྟ་བྱེད་བཞིན་པའི་རྣམ་པ་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1