དཀར་མཛེས་རྫོང་གིས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་གོང་དུ་འཕེལ་བར་བསྐུལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-01


    

ལི་ཐང་ཡར་རྒྱས་ཁུ་ལུ་ལས་སྣོན་བཟོ་པས་ཁུ་ལུ་ལས་སྣོན་བྱེད་བཞིན་པའི་ཚུལ།

        ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག། ཁུལ་ཡོངས་གོང་འོག་ཚང་མས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་རྒྱུན་འཁྱོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དཀའ་ངལ་སེལ་རོགས་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་བསྟར་ནས་ཆབ་སྲིད་ལ་སྣང་ཆེན་དང་། འཕེལ་རྒྱས་དམ་དུ་འཛིན་པ། དམངས་འཚོར་ཕན་འདོགས་པ། བདེ་འཇགས་འགན་ལེན་བཅས་ཀྱི་ལས་ཀའི་སྤྱིའི་བསམ་ཕྱོགས་གཞིར་བཟུང་ནས་རིམས་ནད་འགོག་ཟོན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་ཁེ་ལས་ཆུང་འབྲིང་གི་དཀའ་གནད་སེལ་རོགས་བྱས་ཡོད།

ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས་སྣ་མང་སྤྱད་དེ་དམངས་གཉེར་ཁེ་ལས་སྐྱོན་བྲལ་གོང་འཕེལ་ཡོང་བར་བསྐུལ།

        གསར་འགོད་པས་དཀར་མཛེས་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་།ཁྲོམ་རའི་མ་ལག་སྟོབས་ཆེར་གཏོང་བ། རྫོང་ཁོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཡོང་ཆེད།རྫོང་དེས་དཔལ་འབྱོར་བརྟན་འཕར་དང་ཁྲོམ་རའི་གཙོ་དོན་ལ་དམིགས་ཏེ་བྱ་ཐབས་སྣ་མང་སྤྱད་ནས་ཁེ་ལས་ལ་ཤུགས་ཡོད་རྒུས་རོགས་རམ་བྱས་ཡོད།

        ཞབས་ཞུའི་མ་ལག་གསར་པ་བསྐྲུན་ནས་བསམ་བློ་གོང་བུར་འགྲིལ་བར་བྱས། སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྦྱོར་བྱས་པ་ནས་འགོ་བཙུགས་ཏེ་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཚོ་ཆུང་འགན་འཛིན་གཉིས་བྱས་པའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལས་དོན་མགོ་ཁྲིད་ཚོ་ཆུང་བཙུགས་ནས་སྲིད་ཇུས་མ་ལག་འདུས་གྲུབ་ལ་ཤུགས་བརྒྱབ་སྟེ《དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་འཕེལ་བར་བསྐུལ་རྒྱུའི་སྐོར་གྱི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་བཟོས་ནས་དུས་ཚིགས་བཀོད་གཏོང་བརྡ་ཁྱབ་བཏང་བ་དང་། ལོ་ཕྱེད་རིང་ལྟ་སྐུལ་མཛུབ་ཁྲིད་ལ་བསྐུལ་བ། ལོ་མཇུག་ཏུ་ཕྱོགས་བསྡུས་གདེང་འཇོག་བཅས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ལམ་ལུགས་བཙུགས་ཏེ་ལྟ་སྐུལ་རྒྱུགས་ལེན་གྱི་ཕན་འབྲས་ཆེ་རུ་བཏང་ཡོད།

        ཁེ་ལས་ལ་རོགས་སྐྱོར་གྱི་བྱེད་ཐབས་སྤྱད་ནས་དཀའ་གནད་སེལ་བའི་ཕན་འབྲས་དངོས་ཐོན་རྒྱུར་བསྐུལ་ཡོད། གཅིག་སྡུད་སྒྲོག་འགྲེལ་གསོ་སྦྱོང་དང་ཤེས་པ་བྱང་བུ་སྤྲད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སྲིད་ཇུས་སློབ་སྦྱོང་བྱས་ཡོད། ཕྱོགས་བསྡུས་ཐོག་ཕྱིར་སློག་དང་འཕྲི་བ།ཕྱིར་འཐེན།ཕྱིར་འགྱངས་སོགས་ཀྱི་བྱ་ཐབས་སྤྱད་ནས2022ལོར་རིམ་རྩིས་བྱས་ན་གཉེར་སྐྱོང་གཙོ་དོན་གྱི་ཚོང་ཕན་དངུལ་བུན་སྒོར་ཁྲི7888.5སྤྲད་པ་དང་། ཁྲལ་གྲོན་གྱི་ཁུར་པོ་སྒོར་ཁྲི2931ཡང་དུ་བཏང་བ། ལས་བཟོའི་འགན་བཅོལ་སྒོར་ཁྲི20ལྷག་ཙམ་དུས་འགྱངས་ངང་སྤྲད་པ། གཞུང་ཁོངས་སྡོད་ཁང་བོགས་མར་བཏང་བའི་བོགས་གླ་སྒོར་ཁྲི89.27ཉུང་དུ་བཏང་ཡོད། 

        སྲིད་གཞུང་དང་ཁེ་ལས་སེམས་འབྲེལ་ཟམ་པ་བསྐྲུན་ནས་འཕེལ་རྒྱས་ཁོར་ཡུག་ལེགས་སུ་བཏང་། མགོ་ཁྲིད་ལས་བྱེད་པས་གཙོ་གནད་གཉེར་སྐྱོང65ལ་འབྲེལ་གཏུག་ཞབས་ཞུ་བྱས་པ།དཀའ་ངལ་རེ་ཞུ72མཐུན་སྦྱོར་ངང་ཐག་བཅད་པ།དམངས་གཉེར་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་ཤུགས་ཡོད་རྒུས་སེལ་བ་བཅས་བྱས་ཡོད། འབུར་ཐོན་གསུམ(ཆབ་སྲིད་ཀྱིས་སྣེ་ཁྲིད་པ་དང་། རྒྱུན་ལྡན་དང་ཡུན་ལ་ཕན་པ། གནད་འགག་ཁྱབ་ཁོངས་བཅས།)དང་རིམ་སྤོར་གསུམ(ལས་ཀའི་གསོན་ཤུགས་དང་། ལས་ཀའི་ཁྱབ་ཚད། ལས་ཀའི་སྤུས་ཚད་བཅས)གྱི་འདུ་འགོད་ལག་ལེན་བསྟར་ཏེ། སྤུས་ཚད་མཐོན་པོའི་ཏང་འཛུགས་སྐྱོང་གིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་བསྐུལ་ཡོད།

དར་མདོ་གྲོང་ཁྱེར་གྱིས་དམངས་གཉེར་ཁེ་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་བར་རམ་འདེགས་བྱས།

        དར་མདོ་གྲོང་ཁྱེར་གྱིས་དམངས་གཉེར་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསྐུལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དར་མདོ་གསར་པ་སྐྲུན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་།ཚོང་གཉེར་ཁོར་ཡུག་ལེགས་འགྱུར།བློ་གཅིག་སེམས་གཅིག་གིས་ཞབས་ཞུར་ཤུགས་བརྒྱབ་ནས་དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་ཏན་ཏིག་བྱས་ཡོད། ད་སྔའི་བར་གྲོང་ཁྱེར་ཡོངས་སུ་དམངས་གཉེར་དཔལ་འབྱོར་ཚན་པ་ཁྲི1.36དང་ལས་ཞུགས་མི་སྣ་ཁྲི6ལྷག་ཡོད་པ་དང2022ལོར་གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར39.13ལ་ཟིན་པ་དེསGDPབསྡོམས་འབོར་གྱི་བརྒྱ་ཆ32.7བཟུང་བ་དང་། ཁྲལ་སྒོར་དུང་ཕྱུར3.5འཇལ་བ་དེས་གྲོང་ཁྱེར་ཡོངས་ཀྱི་ཁྲལ་བསྡུའི་བསྡོམས་འབོར་གྱི་བརྒྱ་ཆ17.46བཟུང་ཡོད།

        ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་དང་འགྱུར་བ་མེད་པ་གསུམ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ནས་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་གྱིས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་དོན་ལ་འཁྱོལ་ཡོད། དམངས་གཉེར་ཁེ་ལས་མཁས་ཅན་དེ་རང་ཉིད་ཀྱི་མིར་བརྩི་བ་དང་དམངས་གཉེར་ཁེ་ལས་ལ་དཀའ་ངལ་འཕྲད་སྐབས་རྒྱབ་སྐྱོར་བྱས་ནས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ཀྱིས་དྲང་གཞག་འགྲན་རྩོད་དང་འགྲན་རྩོད་ངང་འཕེལ་རྒྱས་གཏོང་བའི་པོཏ་ཡུག་བཟང་པོ་ཞིག་བཏོད་པ་དང་། བསྒྲགས་བཤད་ཞབས་ཞུ་རུ་ཁག་བཙུགས་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་རིམ་པ་མང་བའི་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་གསལ་འགྲེལ་དང་།དྲིལ་བསྒྲགས།གསོ་སྦྱོང་བཅས་བྱས་ཏེ་སྲིད་ཇུས་ཀྱི་ཁེ་འབབ་ཀྱིས་ཁྲོམ་རའི་བྱེད་པོ་ལ་ཕན་པ་ཐོབ་པར་བྱས།

        དུས་མཉམ་དུ་གྲོང་ཁྱེར་དེས་གྲོང་ཁྱེར་མགོ་ཁྲིད་ཀྱིས་དམངས་གཉེར་ཁེ་ལས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་དོན་ལ་འཁྱོལ་ནས་ཐད་གཏོང་རླངས་འཁོར་བཙུགས་ཡོད། ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་དང་དུས་ངེས་མེད་ངང་འབྲེལ་གཏུག་སྤེལ་རེས་ངོ་ཐུག་གདོང་འཕྲད་ཀྱི་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུ་འཚོགས་པ་བརྒྱུད་ཚོང་གཉེར་ཁོར་ཡུག་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་སྒོ་སྤེལ་ཞིང་། གནད་དོན་ཐག་གཅོད་ཡག་པོ་མ་བྱུང་བའི་རིགས་ལ་གཅིག་དམིགས་གཅིག་ལ་གཏད་དེ་གནད་དོན་ནུས་ལྡན་ངང་སེལ་རྒྱུར་བསྐུལ་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

        དར་མདོ་གྲོང་ཁྱེར་གྱིས་ད་དུང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་། ལས་ཞུགས་ལས་གནས་མཁོ་འདོན། དཀའ་ངལ་ཐག་གཅོད་བྱེད་རོགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མང་ཚོགས་ལ་ལས་ཞུགས་ལས་གནས1200ལྷག་མཁོ་འདོན་བྱས་པ་དང་།ཐད་གཏོགས་བྱས་ཏེ་ཞིང་ལས་ཁྱད་ལྡན་ཐོན་རྫས་སྒོར་ཁྲི872.9གྲོང་སྡེའི་ཁེ་ལས་གཉིས་ཀར་གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཁེ་ཡོང་རྒྱུར་བསྐུལ་ཡོད།

ལི་ཐང་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་བསྐུལ། 

        བསྡོམས་རྩིས་བྱས་པར་གཞིགས་ན། ལི་ཐང་རྫོང་གི་དམངས་གཉེར་དཔལ་འབྱོར་ཁྲོམ་རའི་བྱེད་པོའི་བསྡུར་གྲངས་ཀྱིས་བརྒྱ་ཆ15.3བཟུང་བ་དང་། རྫོང་ཡོངས་སུ་ཐོར་བཀོད་པའི་དམངས་གཉེར་ཁྲོམ་རའི་བྱེད་པོ་དུད་ཚང5365དང་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར10.49ལ་ཟིན་པ་དང་འཕར་ཚད་བརྒྱ་ཆ3.7ལ་ཟིན། ཁྱོན་ལས་ཞུགས་མི་སྣ10017དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར65ལྷག་ལ་ཟིན་ནས་ཁྱོན་ཡོངས་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད།

        2022ལོ་ནས་བཟུང་ལི་ཐང་རྫོང་གིས་ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་སེལ་བའི་འཕེལ་རྒྱས་བརྟན་པོ་གཏོང་བའི་ལས་དོན་གྱི་ཆེད་དོན་འཛིན་གྲྭ་བཙུགས་ནས་འཚོལ་བསྡུ་དང་ཞིབ་གཅོད། ལས་དོན་མཉམ་འདེད། རྗེས་འདེད་སྐུལ་སྒྲུབ་བཅས་ཀྱི་ཕན་འབྲས་འདྲི་རྩད་ལམ་སྲོལ་བཙུགས་པ་དང་། ད་དུང་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་ལག་ལེན་བསྟར་ནས་ཁེ་ལས་ཀྱི་དགོས་མཁོ་གནད་སྨིན་འབྲེལ་མཐུད་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རོགས་བྱས། སྡེབ་ཚོང་དང་སིལ་འཚོང་། བཟའ་བཏུང་། ཞག་སྡོད་སོགས་དམངས་གཉེར་ཁེ་ལས་ལ་སྲིད་ཇུས་ཐོག་ནས་རོགས་སྐྱོར་བྱས་པ་རེད། ཡར་རྒྱས་འབྲི་གཡག་ཁུ་ལུ་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་བསྐྱར་དུ་ལས་འགོ་བཙུགས་པ་དང་། ཅང་སུའུ་ཀྲུང་ཕུའུ་ཏ་སྤྱི་གཉེར་ཁང་དང་པེ་ཅིང་དར་སྲོལ་ཚོགས་པ་ནང་འདྲེན་བྱས་ནས་ཡར་རྒྱས་སྤུས་རྟགས་ཀྱི་གསོན་ཤུགས་རྒྱུན་མཐུད་བྱས།

        དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་གཅོག་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་། 2020ལོ་ནས་བཟུང་ལི་ཐང་རྫོང་གིས་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་གནས་ཐང་འཕར་ཁྲལ་ཆག་ཡང་དང་སྡོད་ཁང་གི་བོགས་དངུལ་སྒོར་ཁྲི473.53ལྷག་ཆག་ཡང་གཏོང་བ་ལ་རྒྱབ་སྐྱོར་བྱས་ཡོད། རིམ་པ་ཁག་གི་ལས་གཞིའི་ཁ་གསབ་མ་དངུལ་སྒོར་ཁྲི2279རག་ཐབས་བྱས་ནས་ཞིང་ལས་དང་བཟོ་ལས། སྤྱི་པའི་ཞབས་ཞུ། ཟོག་འགྲེམས་སོགས་ལས་རིགས་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་། ར་རྔ་ཁ་ནས་ལི་ཐང་མཐོ་གྲོང་གི་ལས་གཞི་འཛུགས་སྐྲུན་གྲུབ་ནས་ཚོང་ཟོག་ཕྱིར་འཚོང་དང་བརྗོད་གཞི་གཉེར་ཚོང་།སིལ་ཚོང་བྱེད་སྟངས་གསར་པ་བཅས་ཀྱི་ཐད་གཏོང་བྱེད་འགོ་ཚུགས། ད་སྔར་ཚོགས་མི་ཁྲི4ཙམ་དང་མི་ཐེངས་ཁྲི300ཙམ་ཟིན་ནས་ཟླ་རེར་ཚོང་ཟོག་མངག་ཐོའི་གྲངས་ཚད་ཁྲི100ལ་ཟིན་གྱི་ཡོད།

        ལི་ཐང་རྫོང་གིས་ཚོང་དང་མ་རྩ་འདྲེན་འགུགས་ཆེ་རུ་གཏོང་ཆེད《ལི་ཐང་རྫོང་གི་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་ཁ་གསབ་ལྟ་སྐྱོང་སྲིད་ཇུས(ཚོད་ལྟའི་ལག་བསྟར)》སོགས་སྲིད་ཇུས་གཏན་ལ་ཕབ་ནས་ཚོང་དང་མ་རྩ་འདྲེན་འགུགས་ལས་གཞི་གཉེར་བར་བྱ་དགའ་སྒོར་ཁྲི་བརྒྱ་ཙམ་སྤྲད་པ་རེད།

འདབ་པ་རྫོང་གིས་དམངས་གཉེར་དཔལ་འབྱོར་ལ་རྒྱུན་མཐུད་ངང་གསོན་ཤུགས་འཕེལ་བར་བྱས།

        དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། འདབ་པ་རྫོང་གིས《དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་འདབ་པ་རྫོང་ཨུ། འདབ་པ་རྫོང་མི་དམངས་སྲིད་གཞུང་གི་བསམ་འཆར》བཀྲམ་ཞིང་། དངུལ་རྩའི་ཞབས་ཞུ་འགན་ལེན་དང་ནོར་ཁྲལ་རྒྱབ་སྐྱོར། ས་ཆ་སྤྱོད་པ། གློག་སྤྱོད། ཤེས་ལྡན་པ་སོགས་ཀྱི་ཐད་ནས་འགན་ལེན་བྱས་ཡོད།

        ལས་གཞི་ལ་ཞིབ་མཆན་འགོད་པ་དང་ཚོང་གཉེར་ཁོར་ཡུག་སོགས་ཀྱི་ཐད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་བརྒྱུད་རིམ་ཧྲིལ་པོར་རོགས་རམ་དང་ཚབ་གཉེར། གཞོགས་འདེགས་བཅས་བྱས་ཏེ་ཁེ་ལས་ཀྱིས་ལག་ཁྱེར་གཉེར་བ་དང་གྲབས་འཛུགས། གཉེར་སྐྱོང་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་ནས་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རོགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རོགས་བྱས་ཡོད། དེ་དང་ཆབས་ཅིག་ཁེ་ལས་ཀྱིས་ཚོང་རྟགས་ཐོ་འགོད་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ས་གནས་དེ་གའི་སྤུས་རྟགས“མཐོང་ཐོས་ཁྲོད་ཀྱི་འདབ་པ”དང“ཉི་སྟེན་ཁྲོམ་ར”སྐྱེད་སྲིང་བྱས་ནས་རང་བརྟེན་སྤུས་རྟགས་ཀྱི་སྙན་གྲགས་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་རེད། ད་དུང་དྲྭ་ཐོག་ཚོང་དོན་གྱིས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་འཆར་འགོད་བཟོས་པ་དང་། ས་གནས་དེ་གའི་ཁེ་ལས་དང་མཉམ་ལས་ཁང་དྲྭ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་ནང་ཞུགས་རྒྱུར་གདན་དྲངས། ས་གནས་དེ་གའི་ཁེ་ལས་དང་ཕུགས་ཕན་མཉམ་ལས་ཀྱི་ལམ་སྲོལ་བཙུགས་པ་པ་དང་། ཁྱད་ལྡན་ཐོན་རྫས་རིགས36གི་ལག་དེབ་བཟོས་པ། གཅིག་གྱུར་ཐོན་རྫས་ཀྱི་ཐུམ་སྒྲིལ15བཟོས་པ། ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱ་རྒྱུར་རོགས་རམ་བྱས་པ་རེད། གྲོང་ཚོ་རིམ་པའི་ས་ཚུགས་ཁག་གི་འགན་འཁུར་བ་དང་ཕྱུག་འགྱུར་སྣེ་ཁྲིད་པ། ཕ་ཡུལ་དུ་ལོག་ནས་ལས་གཏོད་ན་གཞོན་བཅས་བསྡུས་ཏེ་དྲྭ་ཐོག་ཚོང་དོན་ལག་ལེན་དངོས་ཀྱི་གསོ་སྦྱོང་བྱས་ནས་དྲྭ་ཐོག་ཚོང་དོན་ཕྱུག་འགྱུར་གྱི་བསམ་ཤེས་ཅན་གསོ་སྐྱོང་བྱས་ཏེ་དྲྭ་ཐོག་ཚོང་དོན་གྱིས་ཞིང་ལས་ལ་སྣེ་ཁྲིད་ནས་ཞིང་པ་ཕྱུག་པོ་ཡོང་བར་བྱས་ཡོད།

        2022ལོའི་ལོ་མཇུག་བར་འདབ་པ་རྫོང་ལ་དམངས་གཉེར་ཁྲོམ་རའི་བྱེད་པོ་དུད་ཚང3810ཡོད་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ10.37འཕར་བ་དང་དེའི་ནང་སྒེར་གཉེར་ཁེ་ལས531ཡོད་པ་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང308ཡོད། ཁེར་རྐྱང་བཟོ་ཚོང་དུད་ཚང2971ཡོད་པ་དང་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར6.4557ལ་ཟིན། འཕར་ཚད་བརྒྱ་ཆ0.4ལ་ཟིན་པ་དངGDPབསྡོམས་འབོར་གྱི་བརྒྱ་ཆ45.2ཟིན། དམངས་ཁྲོད་མ་འཇོག་འཕར་ཚད་བརྒྱ་ཆ0.6ཟིན་པ་དང་དམངས་གཉེར་དཔལ་འབྱོར་གྱི་ཁྲལ་འབབ་བསྡོམས་འབོར་སྒོར་དུང་ཕྱུར0.86ལ་ཟིན། རྫོང་ཡོངས་ཀྱི་ཁྲལ་འབབ་བསྡོམས་འབོར་གྱི་བརྒྱ་ཆ95ལ་ཟིན་པ་དང་དམངས་གཉེར་དཔལ་འབྱོར་གྱི་མི་གྲངས12790ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1