མཛོད་དགེ་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རིག་ལ་དགའ་ཞིང་ཚིན་རིག་ལ་བརྩི་མཐོང་བྱེད་ཅེས་པའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་དྲིལ་སྒྲོག་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།དཔལ་མགོན། སྤེལ་དུས། 06-01


        ཉེ་ཆར་མཛོད་དགེ་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་སྣེ་ཁྲིད་དེ།  རྫོང་ཚན་རྩལ་ཞིང་ལས་དང་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། རྫོང་མི་དམངས་སྨན་ཁང་། སྟག་ཚ་གྲོང་རྡལ་བཅས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས།  སྟག་ཚ་གྲོང་རྡལ་སྐྱ་རེངས་སྡེ་ཁུལ་དུ་ཚན་རིག་ལ་དགའ་ཞིང་ཚིན་རིག་ལ་བརྩི་མཐོང་བྱེད་ཅེས་པའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ་སྤེལ།

        བྱེད་སྒོའི་ཡུལ་དངོས་སུ་ཚན་རིག་ཁྱབ་གདལ་རྒྱུ་ཆ་སྣ་ཚོགས་དང་སྒྲོག་དངོས། སྨན་རྫས་སྣ་ཚོགས་བཀྲམ་པ་དང་བློ་འདྲིའི་ཞབས་འདེགས་ཞུས་པ།  འོས་འགན་སྨན་བཅོས་བྱས་པ་སོགས་ཀྱི་ལམ་ནས་ཚན་རིག་ཤེས་བྱ་དང་ཚན་རིག་ཐབས་ལམ།  ཚན་རྩལ་བེད་སྤྱོད་བཅས་དྲིལ་སྒྲོག་བྱས།  རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད།  ན་འདམ་གྱི་སྐྱེ་ཁམས་སྲུང་སྐྱོང་།  བཟའ་ཆས་བདེ་འཇགས།  ཁོར་ཡུག་གཙང་སྦྲ།  ཕྱུགས་སྐྱོང་ཚད་བརྒལ་གྱི་གནོད་པ།  ནད་རིགས་སྔོན་འགོག  བདེ་ཐང་འཚོ་བ་སོགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་པར་མ་ཟད།  མང་ཚོགས་ལ་ཐེན་ཧྥུ་ཚན་རྩལ་གྱི་མཉེན་ཆསAPPཕབ་ལེན་དང་བེད་སྤྱོད་བྱེད་ཚུལ་མཚམས་སྦྱོར་བྱས་ཏེ།  མང་ཚོགས་ཀྱིས་ཚན་རྩལ་ལ་དོ་ཁུར་བྱས་ཏེ་རང་འགུལ་གྱིས་སྟེགས་བུ་དེ་ནས་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་ལེན་པར་ཁྲིད་སྟོན་བྱས།  བྱང་ཆ་ཆེ་ལ་ཞིབ་ཕྲ་ལྡན་པའི་འགྲེལ་བཤད་དང་དྲིལ་སྒྲོག་བྱས་པ་བརྒྱུད།  ཚང་མར་སྔར་ལས་ཐད་ཀ་ནས་ཚན་རིག་གི་ཤེས་བྱ་སློབ་སྦྱོང་བྱེད་དུ་བཅུག་སྟེ།  མང་ཚོགས་ཀྱི་ཚན་རིག་ཁྱབ་གདལ་སྐོར་གྱི་ཤེས་བྱའི་རྒྱུས་ལོན་ཚད་ཇེ་ཟབ་ཏུ་བཏང་ནས།  མང་ཚོགས་ཀྱི་ཚན་རིག་ཁྱབ་གདལ་གྱི་ཤེས་བྱའི་རྟོགས་ཚད་དང་བྱེད་སྒོར་ཞུགས་ཚད་ཇེ་མཐོར་བཏང་སྟེ།  མངའ་ཁོངས་ཀྱི་མང་ཚོགས་ཀྱི་ཚན་རིག་ཁྱབ་གདལ་འདུ་ཤེས་དང་ཆུ་ཚད་ཇེ་མཐོར་བཏང་།  དེ་དང་སྦྲགས་རྫོང་མི་དམངས་སྨན་ཁང་དང་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འོས་འགན་སྨན་བཅོས་དང་དབང་བོ་སྐྱོན་ཅན་གྱི་རོགས་རམ་བྱེད་སྒོ་སྤེལ་ཏེ།  མང་ཚོགས་ཚང་མ་བྱེད་སྒོ་འདིར་ཞུགས་པར་བཀུག་ཡོད།

        བྱེད་སྒོ་འདིར་མང་ཚོགས་ལ་རིན་མི་དགོས་པར་འོས་འགན་སྨན་བཅོས་ཐེངས153བྱས་ཤིང་།  ཡུལ་དངོས་སུ་མི50ལྷག་ལ་ཐེན་ཧྥུ་ཚན་རྩལ་གྱི་འཕྲིན་སྟེགས་ཕབ་ལེན་བྱེད་དུ་བཅུག་པ།  ཁ་ཤུབས་དང་ལྟེབ་སྟེགས།  ཁྱེར་བདེའི་ནུས་མང་ཁོར་སྲུང་ཁུག་མ།  སྨྱུག་སྣོད།  ཆར་གདུགས།  གཙང་ཤོག་སོགས་སྒྲོག་དངོས1000ལྷག་དང་།  ཡུན་ནན་པེ་ཡའོ་སྨན་གཏོར་དང་ཞའོ་ཧོ་ལོ་ཝན་སྨན་རིལ།  ཧྥུ་ཧྥང་ཏེའུ་དབྱི་ཞན་ཨན་ཅི་ཧྥུན་སྨན་ལེབ་སོགས་སྨན་རིགས་སྣ་ཚོགས་སྒམ3000ལྷག་བཀྲམ་པ་དང་།   བྱིས་པའི་རྐུབ་སྟེགས་འཁོར་ལོ་དང་ཉན་ཕན་ཡོ་ཆས། མཁར་བ།  གསང་སྤྱོད་རྐུབ་སྟེགས་བཅས47སྟེར་བ་དང་། 《མཛོད་དགེ་རྫོང་གི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་དང་རྩི་ཤིང་གཙོ་བོའི་ཚན་རིག་ཁྱབ་གདལ་པར་བཏུས》དང《མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཉེར་སྤྱོད་ལག་རྩལ》གྱི་དཔེ་ཆ100དང་།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ཁྱད་གདལ་བཅའ་ཁྲིམས》《སི་ཁྲོན་ཞིང་ཆེན་ཚན་རིག་ལག་རྩལ་ཁྱབ་གདལ་སྲོལ་ཡིག》《ཐེན་ཧྥུ་ཚན་རྩལ་ལག་ཁྱེར་ཁ་པར་གྱི་མཉེན་ཆསAPPཡི་བཀོལ་སྤྱོད་ལག་དེབ》སོགས་སྒྲོག་ཤོག་སྣ་ཚོགས800ལྷག་བཀྲམ་པས།  སྡེ་ཁུལ་གྱི་སྡོད་དམངས་དང་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་གང་ལེགས་ཐོབ།  རྒྱུས་ལོན་པ་ལྟར་ན།  རྗེས་སོའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ་དེ། ད་དུང་དྲིལ་སྒྲོག་བྱེད་ཐབས་སྔར་ལས་མང་བོས་སྔ་རྗེས་སུ་ཐེ་བོ་དང་ཆོས་རྗེ།  བབ་བཟོ།  རྨེ་ཆུ་སོགས་ཀྱི་ཡུལ་གྲོང་དང་དགོན་པར་སྤེལ་རྩིས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1