མཛོད་དགེ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་བའི་བུ་ཕྲུག་ལ་ཐུགས་ཁུར་གནང་བའི་བྱེད་སྒོ་སྤེལ།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-07


མཛོད་དགེ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རེ་བའི་གཤོག་རྩལ་ངོམ་ཞིང་འཛུམ་གྱི་མེ་ཏོག་བཞད་ཅེས་པའི་ལས་བཟོ་བའི་བུ་ཕྲུག་ལ་ཐུགས་ཁུར་གནང་བའི་བྱེད་སྒོ་སྤེལ།


        ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ཁྲོད་ཀྱི་བྱིས་པ་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་སྐོར་གྱི་རྣམ་བཤད་དོན་འཁྱོལ་མཐར་ཕྱིན་སྒོས།  ལས་བཟོ་བའི་བུ་ཕྲུག་ལ་ཐུགས་ཁུར་གནང་བའི་ཞབས་འདེགས་ལེགས་པར་ཞུ་ཆེད། རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ཐེངས73པ་ཐོན་ལ་ཉེ་བའི་སྐབས་འདིར།  རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཚོང་ལས་སྲང་ལམ་སྡེ་ཁུལ་གྱི་བཟོ་ཚོགས་ཨུ་ལྷན་དང་།  སྐྱ་རེངས་སྡེ་ཁུལ་གྱི་བཟོ་ཚོགས་ཨུ་ལྷན་རྩ་འཛུགས་བྱས་ཏེ།  བྱེ་བྲག་ཏུ་རེ་བའི་གཤོག་རྩལ་ངོམ་ཞིང་འཛུམ་གྱི་མེ་ཏོག་བཞད་ཅེས་པའི་ལས་བཟོ་བའི་བུ་ཕྲུག་ལ་ཐུགས་ཁུར་གནང་བའི་བྱེད་སྒོ་སྤེལ།

        ཐེངས་འདིའི་བྱེད་སྒོ་ནི་ཕ་བུའི་རོལ་རྩེད་རྣམ་པའི་ལམ་ནས་སྤེལ་ཞིང་།  བྱེད་སྒོ་ལ་དགའ་སྤྲོའི་ཕུག་འཛུལ་དང་ཕ་བུའི་མཆིང་ལྡིང་།  དབུགས་སྒང་འགད་པ།   པའོ་ལིན་སྤོ་ལོ་རྩེ་བ།  ཤོག་སྒོར་ལེན་རེས།  ཕ་བུའི་འགྱིག་དུམ་ཆ་སྒྲིག  3Dཡི་རི་མོ་འབྲི་རེས་སོགས་ནང་དོན་ཕུན་སུམ་ཚོགས་པའི་རོལ་རྩེད་ལྡན་པས།  བྱིས་པ་དང་ཁྱིམ་བདག་རྣམས་རོལ་རྩེད་ཁྲོད་ཧུར་གྱིས་ཞུགས་ཏེ་དུས་ལྟར་འབྲེལ་འདྲིས་སྒོས།  ཕ་བུའི་བརྩེ་བ་དང་སྤྲོ་སྣང་ཉམས་སུ་རོལ།

        བྱེད་སྒོར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མི་ཆོས་ཐུགས་ཁུར་ཟབ་བཞེས་གནང་བ་ལེགས་པར་མཚོན་ཏེ།  ཁྱིམ་བདག་དང་བྱིས་པའི་བར་གྱི་འབྲེལ་འདྲིས་ཇེ་ཆེར་བཏང་བར་མ་ཟད།  ཁྱིམ་ཚང་དང་ལག་ལེན་གཉིས་ཐད་ཀྱི་འབྲེལ་འདྲིས་ལ་སྐུལ་འདེད་བཏང་།  རྒྱུས་ལོན་པ་ལྟར་ན། རྗེས་སོར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མུ་མཐུད་དུ་ཐུགས་ཁུར་ཤུགས་ཆེར་བཏང་སྟེ།  ཁྱིམ་མིའི་ནུས་པ་ལེགས་འདོན་སྒོས།  རྒྱུན་མི་ཆད་པར་ལས་བཟོ་བ་དང་དེའི་བུ་ཕྲུག་གི་གཏོགས་སྣང་དང་ཐོབ་སྣང་།  སྐྱིད་སྣང་བཅས་ཇེ་ཆེར་གཏོང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1