ཕྱུགས་རིགས་ཐོན་ལས་ལ་བརྟེན་ནས་ཡོང་འབབ་ཡོང་བར་འབད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-09


འདི་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཉི་ཤར་ཤང་གམ་པའི་ལུག་གསོ་ཚགས་མཉམ་ལས་ཁང་གི་ཧྲེ་ཡོན་ཚོས་ལུག་ཁྱུར་གཟན་རྩྭ་སྟེར་བཞིན་པ།

        ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འབྲོག་ལས་ཐོན་ལས་འཁོར་འབྲེལ་གྱི་རིམ་པ་སྤར་བ་བརྒྱུད་ས་གནས་དེ་གའི་འབྲོག་ལས་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་ཁྲིད་ཐུབ་ནས་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་རྨང་གཞི་བརྟན་དུ་གཏོང་བའི་ཐབས་ལམ་ནུས་ལྡན་གྱི་གྲས་ཤིག་ཏུ་གྱུར་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་ནོར་ལུག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་འགྱུར་བ། མང་ཚོགས་མཉམ་ལས་ཁང་ལ་ཞུགས་པར་ཁྲིད་སྟོན། ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག་དོན་འཁྱོལ། ཁག་བགོས་བཤས་གཏོང་ལག་བསྟར་སོགས་ཀྱི་ཐད་ཕན་འབྲས་ཡག་པོ་ཐོན་ནས་འབྲོག་ལས་ཐོན་སྐྱེད་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1