ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་རེ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-19


   སྤྱི་ཟླ་5པའི་ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་རེ་ལ་མཇལ་འཕྲད་གནང་།

         ཞི་ཅིན་ཕིང་གིས། ང་དང་སྲིད་འཛིན་ཨོ་པཱ་མ་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་དུ་རྣམ་པ་གསར་བའི་རྒྱབ་ཁབ་ཆེན་མོའི་འབྲེལ་བ་བསྐྲུན་པར་ཐུགས་འདུན་མོས་མཐུན་བྱུང་ཡོད་ལ། འདི་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་རེད། ན་ནིང་གི་ཟླ་11པའི་ནང་། སྲིད་འཛིན་ཨོ་པཱ་མས་ཀྲུང་གོ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་སྐབས། ངེད་གཉིས་ཀྱིས་གླེང་མོལ་ལ་ཐུན་མོང་གི་ལྟ་བ་གྲུབ་པར་མ་ཟད། དེ་མཐུན་གྱི་འབྲས་བུའང་ཐོབ་པ་རེད། ད་ལོ་ཟླ་9པའི་ནང་ཁོང་གིས་གདན་ཞུ་ལྟར་ང་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་ལ་ཕེབས་གྲབས་ཡོད་ལ། ངས་སྲིད་འཛིན་ཨོ་པཱ་མ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གི་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཐད་མུ་མཐུད་དུ་གཏིང་ཟབ་ཅིང་དྲང་བདེན་ངང་གླེང་མོལ་བྱ་འདོད་ཡོད་ཅིང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་ཁྱབ་ཁོངས་རྒྱ་བསྐྱེད་དང་སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་མི་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།


བློན་ཆེན་ཁེ་རེ་ཡིས། ཁྱེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་མཛད་པར་ང་རང་ཡིད་འཐད་ཡོད་ལ། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱིས་ཕྱོགས་གཅིག་ནས་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་ནས་འཛམ་གླིང་ཡོངས་ཀྱི་གལ་ཆེ་བའི་གནད་དོན་ཐད་ལ་ཐོན་པའི་ནུས་པ་འདོན་པ་དང་། ཕྱོགས་གཞན་ཞིག་ནས་ཧ་ཅང་གཟབ་ནན་ངང་རྒྱལ་ཁབ་གཉིས་ཀྱི་འགལ་བར་དོ་དམ་དང་ཚོད་འཛིན་བྱས་པ་རེད། རྒྱལ་ཁབ་གཉིས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་ཨེ་པོ་ལ་ནད་ཡམས། ཨི་རན་གྱི་ཉིང་རྡུལ་གནད་དོན་བཅས་ཀྱི་ཐད་ཕན་ཚུན་གྲོས་ཆོད་དང་མཉམ་ལས་བྱས་པ་ཡིན་ལ། ད་རུང་མུ་མཐུད་དུ་མཉམ་ལས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་བསྐྱེད་དགོས་ཞེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1