ཁ་མའེ་ལུང་གིས་དབྱིན་ཇིར་རིན་མེད་སྨན་བཅོས་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པར་ཁས་བླངས་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-20


           སྤྱི་ཟླ་5པའི་ཚེས་19ཉིན། དབྱིན་ཇིའི་འཕྲིན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མའེ་ལུང་གིས་ཚེས་18ཉིན། ང་ཚོའི་ཏང་གིས་སྲིད་སྐྱང་པའི་རིང་། དབྱིན་ཇིར་རིན་མེད་སྨན་བཅོས་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་ཞེས་བསྟན་འདུག ཁོང་གིས་དབྱིན་ཇིའི་འདེམ་ཐོན་ཆེན་མོའི་ཁྲོད་དུ་རྒྱལ་ཁ་བླངས་རྗེས། རང་ཉིད་ཀྱི་འདེམ་ཐོན་རྩ་འཛིན་གསུང་བཤད་གནང་ཞིང་། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ཇེ་ལེགས་སུ་གཏང་རྒྱུ་དང་སྨན་བཅོས་ཐད་གཟའ་རེའི་ཉིན་བདུན་ལམ་ལུགས་གསར་དུ་བཙུགས་ཡོད།  ལམ་ལུགས་འདི་ལག་བསྟར་བྱས་རྗེས་ང་ཚོའི་སྤྱི་དམངས་མང་པོ་ཞིག་གིས་སྨན་བཅོས་ཞབས་ཞུ་མྱོང་ཐུབ་པ་དང་སྨན་རྫས་ཀྱང་རེག་ཐུབ་ཅེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1