དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་ཀྱི་འགུལ་འགོག་རྒུད་སེལ་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 05-21


 

         སྤྱི་ཟླ་5པའི་ཚེས་12ཉིན་ནི་རང་རྒྱལ་གྱི་སྐབས་བདུན་པའི་འགུལ་འགོག་རྒུད་སེལ་ཉིན་མོ་ཡིན་པས། ཉིན་འདིར་དར་མདོ་ས་ཁུལ་གྱི་སྡེ་ཁག་སོ་སོས་ནམ་རྒྱུན་ས་འགུལ་སོགས་གནོད་སྐྱོན་གྱི་གནས་ཚུལ་མང་པོ་བྱུང་ནས་ཤུགས་རྐྱེན་ཐེབས་པར་དམིགས་ནས་མཛའ་གཞས་ཐང་ཆེན་དུ་ཚན་རིག་དང་མཐུན་པའི་སྒོས་གནོད་སྐྱོན་ཉུང་དུ་གཏོང་གང་ཐུབ་དང་བཅའ་ཁྲིམས་ལྟར་ཁ་གཏད་འཇལ་གང་ཐུབ་བྱ་རྒྱུས་བརྗོད་བྱ་གཙོ་བོ་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་། ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན། ཁུལ་སློབ་གསོ་ཅུས། ཁུལ་མེ་གསོད་རུ་ཁག ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་སོགས་ལས་ཁུངས30ཡས་མས་ཞུགས་ཡོད་པར་མ་ཟད། བྱེད་སྒོ་དེའི་ནང་གསར་འགྱུར་མཚམས་སྦྱོར་ཡོ་བྱད་གཏོང་བ་དང་འཕྲེད་ཡིག བློ་འདྲི་བྱེད་སའི་སྟེགས་བུ་འཛུགས་པ། དྲིལ་བསྒྲགས་ལག་དེབ་བཀྲམ་པ་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་ནས། མང་ཚོགས་ཀྱི་འགུལ་འགོག་རྒུད་སེལ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་འགུལ་འགོག་རྒུད་སེལ་གྱི་འཇོན་ནུས་མཐོ་རུ་བཏང་བར་བརྟེན། རིགས་སྣ་ཚོགས་ཀྱི་བདེ་འཇགས་བྱུར་རྐྱེན་ཉུང་དུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1